R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 18a
[A:18a]ལ་ཡངས་པ་ཅན་དུ་བདུད་སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་གསོལ་ཞིང་། མགར་བའི་བུ་ཙུནྡཱས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས་སྐུ་ཚེའི་འདུ་བྱེད་སྤངས་ཤིང་
འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་ཟླ་བ་གསུམ་ན་མྱ་ངན་ལས་འདའ་བར་ལུང་བསྟན་ཏོ༎ ༎ སྟོན་པས་རྒྱུད་ཇི་ལྟར་གསུང་ཚུལ། དེ་ནས་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས་སྔོན་གྱི་དྲང་སྲོང་གིས་འབྲས་སོ་བའི་ཆར་ཕབ་པས་
འབྲས་སྤུངས་སུ་གྲགས་པ་ན། མཚོའི་དབུས་སུ་ལྷས་བརྩིགས་པའི་ཤྲཱི་དྷཱ་ནྱ་ཀ་ཊ་ཀ་སྟེ་དཔལ་སོ་བའི་ཕུང་པོའམ་འབྲས་སྤུངས་ཀྱི་མཆོད་རྟེན་ཕྱེད་མཚོ་ནང་དུ་ནུབ་པ། ནང་གི་དཔངས་སུ་དཔག་ཚད་དྲུག་དང་རྒྱང་
གྲགས་གཅིག་ཡོད་པ། བུམ་པའི་ཕྱི་རོལ་གྱི་ཤར་དུ་ཁྱབ་འཇུག་དང་། ལྷོར་སྨིན་དྲུག་གི་བུ་དང་། ནུབ་ཏུ་ཚངས་པ་དང་། བྱང་དུ་དབང་ཕྱུག་གིས་བཙུགས་པའི་ཀ་བ་བདུན་བདུན་ཡོད་པས་རྒྱུ་སྐར་གྱི་དཀྱིལ་
འཁོར་མཚོན་པ། དེའི་ཕྱི་རོལ་ཏུ་ར་བ་རིམ་གསུམ་སྒོ་གསུམ་རིམ་དང་ལྡན་པ་དེར་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུས་གཤེགས་ཏེ། རྡོ་རྗེ་སེང་གེའི་ཁྲི་ལ་ཞལ་ཤར་དུ་མངོན་པར་ཕྱོགས་ནས་བཞུགས་པ་
ལ། བྱང་ཤམྦྷ་ལའི་རྒྱལ་པོ་བགེགས་མཐར་བྱེད་ཀྱི་སྤྲུལ་པ་ཉི་མའི་འོད་ཀྱི་བཙུན་མོ་རྣམ་པར་རྒྱལ་མའི་སྲས། ཕྱག་ན་རྡོ་རྗེའི་སྤྲུལ་པ་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་དང་ལྡན་པས་ཟླ་བ་བཟང་པོ་ཞེས་པ་སེང་གེའི་