[A:198a]སྲོག་རྩོལ། བཞི་པའི་འཛིན་པ། ལྔ་བས་རྗེས་དྲན། དྲུག་པས་ཏིང་ངེ་འཛིན། ཐ་མ་གཉིས་ཀྱིས་གྲུབ་པ་ཡེ་ཤེས་ཀྱི་སྐུ་བསྟན་ཏོ༎ དེ་ནས་ས་སྐྱ་པཎྜི་ཏ། རྒྱུས་
པ་གཞོན་ནུ་སེང་གེ། དོལ་པོ་ཡེ་ཤེས་མགོན་པོ། ཀུན་སྤངས་ཆེན་པོ་རྣམས་རིམ་པར་བརྒྱུད་དེ་སྦྱོར་དྲུག་ས་ལུགས་ཞེས་གྲགས་སོ༎ གྲུབ་ཐོབ་ཁམས་པ་ཨ་སེང་། གྲུབ་ཐོབ་ཁམས་པ་ཨ་སེང་ནི། མང་དུ་ཐོས་པའི་མཁས་པ་
ཕྱིས་རྒྭ་ལོ་ལ་གདམས་པ་གསན་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས་ཏེ། ལོ་རེ་ལ་ཟླ་གཅིག་ཞག་བཅུ་གསུམ་གཞན་ལ་ཆོས་གསུངས། གཞན་དུ་སྒོམ་འབའ་ཞིག་མཛད་པས་གྲུབ་པ་བརྙེས་སོ༎ དེས་ཕྱྭ་བ་ཆེན་ཀྱི་སེངྒེ་
མྱང་བྲན་ཆོས་ཡེ། སྐྱི་ཕོ་ཚུལ་འཕགས། ཁམས་པ་ལོ་ཙཱ་བ་སྟོན་འདུམ། ཕག་མོ་གྲུབ་པ། དུས་གསུམ་མཁྱེན་པ། གཡོར། གཉན། སྨོག་ཅོག་པ་སོགས་མང་པོ་ལ། རྩ་མའི་སྦྱོར་དྲུག་
རྩ་འགྲེལ། སྦྱོར་ཕྲེང་རྩ་འགྲེལ། སྙིང་པོ་གསུམ་རྩ་འགྲེལ་གྱི་སྒོ་ནས་གདམས་པ་གནང་སྟེ་གྲོལ་བར་མཛད་དོ༎ བླ་མ་ཞང་གཡུ་བྲག་པ། བླ་མ་ཞང་གཡུ་བྲག་པ་ནི། ཡུལ་གུང་ཐང་ཚ་བ་གྲུ། ཡབ་ཞང་སྣ་ནམ་རྡོ་རྗེ་སེམས་དཔའ།