[A:198b]ཡུམ་བན་དེ་མོ་མང་སྐྱིད་ཀྱི་སྲས་སུ་ཆུ་མོ་ཡོས་ཀྱི་ལོ་ལ་སྐུ་བལྟམས། རྔོག་མདོ་སྡེ་དང་། སམྤུ་ལོ་ཙཱ་བ་ལས་སློབ་གཉེར་མཛད། ཉེར་དྲུག་པ་ལ་ཁམས་སུ་བྱོན། དཀོན་བརྩེགས་གཟིགས་པས་ངེས་འབྱུང་ལྷག་
པར་སྐྱེས་ནས་དགེ་སློང་ཆིག་རྫོགས་སུ་མཛད། མཚན་བརྩོན་འགྲུས་གྲགས་པར་བཏགས། སུམ་པ་རྒྱ་ཤོད་ཀྱི་ལྐོག་སྐྱེའུ་དགོན་པར་བཞུགས་དུས། དཔལ་ཆེན་པོ་རྒྭ་ལོ་འབྱོན་པ་ཡོད་ཟེར་འུར་ཆེན་པོ་བྱུང་བས་
བསིལ་བའི་ཚལ་དུ་སྤྱོད་པ་ལ་གཤེགས་པ་དེ་ཡིན་ནམ་བྱས་པས་ཡིན་ཟེར། གདམས་ངག་མ་གནང་ཡང་ཐུབ་ལ་འཆངས་པ་རང་གིས་ཆོག་སྙམ་ནས་དྲུང་དུ་འགྲོ་རྩིས་བྱས་པས་ང་དེ་ཟླ་བ་གཅིག་ན་སོག་ཏུ་འབྱོན་ཟེར་
བས། དེ་ནས་རིམ་གྱིས་ནག་ཤོད་དྲབ་མཁར་དུ་ཕྱིན་པས། བླ་མ་ཁྲོམ་ཆེན་པོ་དང་བཅས་ཏེ་བྱོན། ཞང་གིས་དུང་མཁན་བྱས་ཏེ་ཡུལ་མི་རྣམས་ཀྱི་བསུ་བ་བྱས་པས། ཞལ་མཐོང་མ་ཐག་ལུས་སྐྱི་བུང་སོང་
ནས་སྣང་བ་ལོག་གིས་འགྱུར། སེམས་ཉིད་ནམ་མཁའ་ལྟ་བུར་ཕྱལ་གྱིས་སོང་། མི་རྣམས་ཀླག་ཅོར་ཟེར་ཡང་རྨི་ལམ་ལྟ་བུར་མཐོང་། བདེ་གསལ་གྱི་ཉམས་མྱོང་ངོ་མཚར་བ་སྐྱེས་ཏེ་བྱིན་བརླབས་ཞུས།