R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 199a
[A:199a]དེའི་ཕྱི་དེ་ནུབ་ཁྲོམ་རྣམས་གྱེས་པ་དང་། བླ་མ་མཇལ་ཏེ་ཟ་འོག་ཡུལ་གཅིག་དང་མར་ཚུད་ཅིག་ཕུལ་ནས། སངས་རྒྱས་ཐོབ་པར་བྱེད་པའི་ཐབས་ཁྱེད་རང་གི་ཐུགས་ཉམས་སུ་བཞེས་པ་དེ་ཐུགས་
ལ་གདགས་པར་ཞུ། ཕྱགས་ཕྱིར་འབྲེང་བ་ཡིན་ཞུས་པས། ང་ལ་ཡི་དམ་གྱི་ལྷ་ཁ་མིག་རྣ་བ་ཅན་མེད། སྟོང་བ་ཉིད་དང་སྙིང་རྗེ་ཟུང་འཇུག་ཏུ་བསྒོམ་པ་ཡིན་པས་ཁྱོད་རང་དེ་བསྒོམས་ཤིག གདམས་ངག་
ངེས་ཚར་རོ༎ ངེའི་ཕྱིར་འབྲེང་ན་ང་འདག་སྦྱར་བྱེད། འཁོར་རྣམས་ལ་ལ་སྤྲད་དུ་འགྲོ། ལ་ལས་པར་འགྱེས་པ་ཡིན། ཁྱོད་རང་ལྟོགས་ཏེ་ཤི་བར་འོངས་གསུང་བས། ཆོས་ཕྱིར་འཆི་ནུས་ན་ཕྱག་ཕྱིར་འདེང་གསུང་
བར་གོ་ནས་ཤིན་ཏུ་དགའ་ནས་ཡོད་ཙམ་ན། བུ་རམ་ལ་གོ་སྙོད་བཏབ་པའི་ཐང་ཞིག་གསོལ་གྱིན་འདུག་པ་གནང་བྱུང་བ་འཐུངས། ཕོར་པ་ས་ལ་བཞག་པས་བཙུན་པ་ཞིག་གིས་བླངས་ནས་ལྷག་དེ་བྱོགས། དེ་ལ་
སྟེར་བ་མིན་གསུང་། དེ་ནས་ཡང་ད་མི་ལྟོ་གསུང་བས། གསོལ་རས་གནང་བ་དེ་གདམས་ངག་ཐུན་མོང་མ་ཡིན་པ་ཁྱོད་ལ་སྦྱིན་བྱ་བར་གོ། མི་སྟེར་བ་ཡིན་བྱ་བ་དེ་གཞན་ལ་བཤད་མ་རན་བྱ་བར་