[A:202a]ལ་མཇལ། ད་ལྟ་རང་སངས་རྒྱ་བས་ཆོས་ཅིག་ཞུ་བྱས་པས་ཞང་མཉེས་ནས་དེ་ཉིད་དུ་སྔོན་འགྲོའི་གདམས་པ་དང་། ངར་ཕུག་ཏུ་ཕྱག་ཆེན་གྱི་ཁྲིད་ཚར་བར་གནང་། སུམ་ཅུ་པ་ལ་ཤ་
མི་འདུལ་འཛིན་གྱིས་མཁན་པོ་ཞང་གི་ལས་སློབ་མཛད་ནས་ལྷ་སར་བསླབ་པ་ཆིག་རྫོགས་མཛད། ཞང་གི་གསུང་ནས་ཉི་ཟླ་ལྟར་སེམས་ཅན་གྱི་དོན་བྱེད་པ་ཅིག་འོང་ཞེས་མཚན་ཡང་ཉི་ཟླ་འོད་དུ་བཏགས།
མཁན་པོ་ལ་འདུལ་བ་གསན་ཅིང་ལག་ལེན་བྱང་ལ་སླབ་པ་ལ་གཅེས་སྤྲས་ཆེ་བར་མཛད་པས་འདུལ་བ་འཛིན་པར་གྲགས། ཡབ་ཡུམ་སྐུ་མཆེད་རྣམས་གྲོངས་པ་དང་ཡུལ་ཞིང་བཙོངས་ནས་སྤོང་ཐག་མཛད་དེ་
བླ་མ་ཞང་ལ་མ་ལུས་པར་ཕུལ། ལྟོ་གོས་ལ་གྱོང་ཁུར་ཏེ། ཞང་གི་ཕྱག་ཕྱིར་འབྲེངས་ནས། རྡུལ་ཚོན་དང་རས་ཁྲིས་ལ་བརྟེན་པའི་དབང་ཉེར་ལྔ་མཆོག་དབང་དང་བཅས་པ་ཐོབ། དཔལ་རྒྭ་ལོའི་
གདམས་པ་མ་ལུས་པ་ཐོབ་ནས། མངོན་མཚན་ཅི་ཆུང་ཆུང་བྱས་ཏེ། གཅིག་པུར་བརྩོན་འགྲུས་དྲག་པོས་བསྒོམས་པས་ཉམས་རྟོགས་ཀྱི་འུར་རྡོལ། རེས་སྤྱིས་ཁུངས་ལ་སོགས་པ་རི་ཁྲོད་འགྲིམས་ཞིང་། རེས་