R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 202b
[A:202b]ཕྱག་ཕྱིར་འབྲེངས་ཏེ་ལོ་ཉེར་གཅིག་གི་བར་དུ་བླ་མ་ཞང་བསྟེན། ཞང་གི་ཆོས་སྐོར་མ་ལུས་པ་ཐོབ། ང་ལ་བླ་མ་ཞང་གཅིག་པུས་ཆོག་ཆོས་ཀྱང་འདིའི་ཆོས་གཅིག་པུས་ཆོག་སྙམ་ནས་སུ་ལ་ཡང་ཆོས་འབྲེལ་མ་ཞུས་
བ་ཡུལ་དང་བ་ལམ་མཐའ་བྲག་དང་འཇུ་ཕུ་ཆུ་བཟང་དཔལ་རྫོང་ལ་སོགས་པའི་རི་ཁྲོད་རྣམས་སུ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་གྲུབ་པ་བརྙེས། བ་ལམ་ཕུར་ལྷ་ཕྱུག་མཁར་ཞེས་པའི་དགོན་གནས་བཏབ་ནས་སློབ་མ་སྐལ་
ལྡན་མང་དུ་འདུས་པ་ལ་བླ་མ་ཞང་གི་ཕྱག་ལེན་བཞིན་གདུལ་བྱ་ཐུན་མོང་བ་ལ་དཔལ་སྒམ་པོ་པའི་ཆོས་སྐོར་དང་། ཐུན་མོང་མ་ཡིན་པ་ལ་དཔལ་རྒྭ་ལོའི་ཆོས་སྐོར་གྱིས་སྨིན་གྲོལ་དུ་མཛད་ཅིང་། གུང་ཐང་
དུའང་གདན་ས་ལོ་ལྔ་མཛད་དེ་བླ་མའི་འཕྲིན་ལས་རྒྱས་པར་མཛད་དོ༎ དེས་ཟུར་སྟེངས་པ། དེས་དོལ་པ་ཡེ་ཤེས་མགོན་པོ། དེས་ཀུན་སྤངས་ཆེན་པོ་ལ་གནང་བ་ནས་རིམ་པར་བརྒྱུད་དེ་ཙ་མིའི་སྦྱོར་དྲུག་སྡེ་སྐོར།
སྦྱོར་ཕྲེང་། རླུང་སྦྱོར་བཞི་པ། རྩ་མིའི་སྦྱོར་དྲུག་རྒྱས་པ། འབྲིང་པོ་ནོར་བུ་འདོན་པའི་དཔེས་བསྟན་པ། འཁྲུལ་འཁོར་ཉེར་ལྔ་པ། བསྡུས་པ་སྙིང་པོ་གསུམ་དང་། དོན་དམ་བཞིར་དབྱེ་བ་ཆུ་བོའི་