R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 207b
[A:207b]རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་ཅེས་སུ་བཏགས། སྐུ་ལུས་ཟག་མེད་རྡོ་རྗེའི་སྐུར་གྱུར། ཚུར་ལམ་ཁ་ཆེར་བྱོན་དུས་པཎ་ཆེན་བྷཱུ་མི་ཤྲཱི་ལ་ཆོས་གསན། ཁ་ཆེའི་རྒྱལ་པོས་གསོད་མི་བཏང་ཡང་སྐྲོང་མ་ནུས།
མངའ་རིས་སུ་བླ་ཆེན་དེ་ཁྱིམ་གྱི་གཅེས་ཕྲུག་བརྒྱ་དུས་གཅིག་ལ་ཕུལ་བ་རབ་ཏུ་བྱུང་། དེ་ནས་རྒོད་ཚང་པས་ལུང་བསྟན་ལྟར་ཞེ་བཞི་པ་ལ་རྒྱ་གར་ལ་བྱོན། ཏི་ར་ཧུ་ཏིར་རམ་ཤིང་རྒྱལ་པོ་བརྟུལ་ཤུགས་ཀྱིས་བཏུལ།
རྡོ་རྗེ་གདན་དུ་ནུབ་སྒོ་ནས་བྱོན་ནས་བྱང་ཆུབ་ཀྱི་ཤིང་གཟིགས་མ་ཐག་དད་པ་དྲག་པོས་སྐུ་ལུས་བརྡབས་ཤིང་ཕྱག་བཙལ་བས་རླུང་སེམས་དབུ་མར་ཆུད། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བཅོས་མིན་དུ་འཁྲུངས། ཚོགས་ཀྱི་བདག་
པོས་སྲོག་སྙིང་ཕུལ། བསིལ་བ་ཚལ་གྱི་ཞིང་སྐྱོང་དམ་ལ་བཏགས། དེ་ནས་བོད་དུ་བྱོན་ཏེ་ལམ་དུ་ཆུ་ལ་མི་འབྱིངས་པ་དང་། སྟག་ལ་རེངས་པའི་སྦྱོར་བ་མཛད། རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་
ཀྱིས་སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད། ངས་ཁྲིད་བཏབ་ན་ལུང་པ་གྲུབ་ཐོབ་ཀྱིས་འགེངས་པར་འདུག་ཏེ་རྒོད་ཚང་པའི་ཁྲིད་སྲོལ་ལ་གནོད་པར་འདུག་གསུངས་ནས་བཀའ་རྒྱ་གདམས། བདེ་ཆེན་དུ་བསྟན་