R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 208a
[A:208a]མ་བཅུ་གཉིས་ཀྱིས་སྟོད་ཧོར་བཟློག་པར་གསོལ་བ་བཏབ། དབྱངས་ཅན་མའི་པི་ཝང་གི་སྒྲ་གསན། བལ་བོ་རྫོང་གི་ཤར་ཕྱོགས་གལ་པོར་འབྱུང་བོ་འདུལ་བྱེད་ཀྱི་ཞལ་གཟིགས་མང་
ཡུལ་ཀོས་ཀར་ཕུག་ཏུ་རྣལ་འབྱོར་མས་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་ཡི་གེར་འགོད་པ་རྫས་སུ་གནང་། སླར་ཡང་རྡོ་རྗེ་གདན་དུ་བྱོན་ཏེ་མ་ཧཱ་བོ་དྷི་ལ་མཆོད་པ་མཛད། དེ་ན་གྲུབ་ཆེན་མན་ལུངས་པ་ལྷོ་
ཕྱོགས་བེ་དྷརྦྷའི་ཡུལ་དུ་འབྱོན་པའི་རིམ་གྲོར་སྟོན་པའི་ཚེམས་ལ་སྐུ་ཁྲུས་གསོལ་ཞིང་བཞུགས་འདུག་པ་ལ་བསྟོད་པ་མཛད། རྒྱལ་བུ་ཐམས་ཅད་སྒྲོལ་གྱི་བཞུགས་གནས་ཨ་ཡི་ག་སརྦ་ཏ་གཟིགས་
དེ་ནས་བོད་དུ་བྱོན་དུས་ཀྱི་རོང་ནགས་སུ་བྷོ་པཎྜི་ཏ་ལ་ཆང་སྐྱུག་པའི་སྦྱོར་བ་མཛད། རི་བོ་ཤར་གངས་ཀྱི་མགུལ་དུ་བདེ་མཆོག་གི་ཞལ་གཟིགས། དེ་ནས་དབུས་སུ་བྱོན་ནས་མཚུར་ཕུར་ཀརྨ་པ་ཤི་ལ་
ཀརྨ་པའི་ཆོས་སྐོར་གསན། དབུ་ཞྭ་ཞྭ་ནག་ཀྱང་གནང་། ང་གསུམ་པ་ཆུ་ཕོ་རྟ་ལ་བསམ་ཡས་སུ་བསྟན་རྩིས་མཛད། དེའི་ཕྱི་ལོ་ལ་ཡར་ཀླུངས་མདོ་མཁར་དུ་སྙེ་མདོ་བ་སྐུ་མཆེད་དང་ཆག་ལོའི་