R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 211a
[A:211a]བཅོས་མཐའ་དག་ལ་མཁས་པའི་ཚུལ་བསྟན། སྙེན་མདོ་བ་ལ་རྒྱུད་བཤད་རྒྱས་པར་གསན་ནས་དུས་འཁོར་འདི་ལ་མཆོག་ཏུ་རྩལ་འདོན་པ་ཞུ་ཞེས། ཨོ་རྒྱན་
པས་གསོལ་བ་བཞིན་ཕྱིས་སྙེ་མདོ་ཀུན་མཁྱེན་ལ་དུས་འཁོར་གྱི་དབང་རྒྱུད་འགྲེལ་གྱི་བཤད་པ་རྒྱས་པ་ཕྲན་དང་བཅས་པ། སྦྱོར་དྲུག་རིགས་བརྒྱད་སོགས་གསན། དེའི་ཚེ་རིགས་ལྡན་རྒྱུད་པའི་བླ་མ་མཁའ་འགྲོ་
དང་བཅས་པ་བྱོན་ནས་བྱིན་གྱིས་བརླབས་པས་ཕྱི་ནང་གཞན་སུམ་གྱི་དོན་ཅིག་ཏུ་དགོངས། ཁྱུང་རྫོང་དུ་ཨོ་རྒྱན་པ་བྱོན་ནས་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་གནད་མ་ལུས་པར་གནང་། མཚུར་ཕུ་ཕྱི་
ནང་གི་གཟའ་སྐར་མཐུན་པར་གཟིགས་པས་རྩིས་ཀྱི་བསྟན་བཅོས་མཛད། བདེ་ཆེན་སྟེང་སུ་ཕྱི་ནང་གི་རྟེན་འབྲེལ་དག་པར་གཟིགས་པས། ཟབ་མོ་ནང་དོན་གྱི་བསྟན་བཅོས་མཛད། ཧོར་རྒྱལ་པོའི་
བླ་མ་མཛད་དེ་ཧོར་བོད་ཀྱི་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ནས་ང་དྲུག་པ་ས་མོ་ཡོས་ལ་རྒྱའི་ཡུལ་དུ་ཞི་བར་གཤེགས་ཏེ་ཆོས་རྗེ་ཉི་ཟླ་བའི་དཀྱིལ་འཁོར་གྱི་ནང་དུ་བཞུགས་པར་བསྟན་པས་