R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 211b
[A:211b]རྒྱལ་པོ་འཁོར་དང་བཅས་པ་དད་པར་མཛད་དོ༎ རྒྱལ་བ་གཡུང་སྟོན་པ། འདིའི་སློབ་མ་རྒྱུད་བཤད་ལ་མཁས་པ་གཡུང་སྟོན་པ་དང་། མན་ངག་ལ་མཁས་པ་མགོན་རྒྱལ་བ་དང་། ཤ་གྲགས་སེང་བ་དང་། གཡག་སྡེ་པཎ་ཆེན་
དང་། དར་རྒྱལ་བ་སོགས་བྱུང་བ་ལས། རྒྱལ་བ་གཡུང་སྟོན་པ་ནི། འཁྲུངས་ཡུལ་ཚོངས་འདུས་པ། གདུང་གླན། ཤིང་ཕོ་སྤྲེའུ་ལ་འཁྲུངས། གཞོན་དུས་ནས་མཁྱེན་པ་ཤིན་ཏུ་ཆེ། སྔགས་
གསར་རྙིང་དང་མངོན་པ་ཀུན་ལས་བཏུས་ལ་མཁས། ཟུར་བྱམས་པ་སེང་གེས་ཤངས་པ་ཀྵཱ་འབུམ་ལ་གཤིན་རྗེའི་སྐོར་གསན་པའི་ཕྱག་ཕྱིར་བྱོན་ནས་བླ་མ་དང་ལྷན་ཅིག་ཏུ་ལེགས་པར་བསླབས་པས། འཁྲུལ་
འཁོར་ལས་སྦྱོར་སོགས་ལ་ཤིན་ཏུ་མཁས་ཤིང་མཐུ་ཆེ། གཞོན་དུས་སུ་གོང་མའི་ལུང་གི་རྒྱ་ཡུལ་དུ་བྱོན། འཆམས་ལ་སོགས་པའི་རྣམ་འགྱུར་དང་། གོང་དུ་འབྲུ་འདབས་དགོས་པའི་མི་སྡེ་མང་པོས་
ཐན་པ་བྱུང་བའི་ཚེ། གོང་མ་ལ་ཆར་འབེབ་པ་རྫོང་བར་ཞུ་བ་བྱས། དེར་ཁོང་རྫང་པ་ན་ཆར་ཆེ་བར་ཕེབས་པས་གོང་མ་དགྱེས་ཏེ་གནང་སྦྱིན་མང་པོ་གནང་། བོད་དུ་ཕེབས་ནས་ཡོ་བྱེད་