[A:212a]ཐམས་ཅད་ཡུམ་གྱི་དོན་དུ་བླ་མ་དང་དགེ་འདུན་ལ་ཕུལ། བླ་མ་མང་པོ་ལ་ལུང་མན་ངག་གི་གསན་པ་ཤིན་ཏུ་ཆེ། ཁྱད་པར་དུ་ཆོས་རྗེ་རང་བྱུང་རྡོ་རྗེ་ལ་དུས་ཀྱི་འཁོར་ལོའི་དབང་
རྒྱུད་མན་ངག་མཐའ་དག་གསན་ཅིང་མཁས་པར་སྦྱངས། ཀརྨ་པའི་ཆོས་སྐོར་རྣམས་ཀྱང་གསན། བུ་སྟོན་རིན་པོ་ཆེའི་དྲུང་དུའང་དུས་འཁོར་གསན་ཅིང་དོགས་པ་ཆོད་པར་མཛད། མོན་པ་
གྲོར་ཐུགས་དམ་གྱི་རྩལ་ཆེན་པོ་འཁྲུངས་ཏེ། མཉམ་མེད་རྒྱལ་བ་གཡུང་སྟོན་ངས། ཞེས་པ་ལ་སོགས་པའི་མགུར་ཡང་གསུངས། ཕུང་པོ་རི་བོ་ཆེ་དང་ར་དུམ་བྲག་ལ་སོགས་པར་བཞུགས་
ཏེ་བཤད་པས་གཞན་ལ་ཕན་པ་ཆེན་པོ་མཛད། སྔགས་ཀྱི་སངས་རྒྱས་དང་མཚན་ཉིད་ཀྱི་སངས་རྒྱས་གཉིས་ཀྱི་ཁྱད་འབྱེད་མཛད་པ། གཡག་སྡེ་པཎ་ཆེན་གྱིས་གཟིགས་པས་ཤིན་ཏུ་དད་དེ། དཔོན་སློབ་
བཅོ་ལྔ་བ་ཕུང་པོ་རི་བོ་ཆེར་བྱོན་ནས་ཞབས་ལ་གཏུགས། སྐུ་ཚེའི་སྨད་ལ་ཚོགས་པ་ཆོས་ལུང་བ་ལས་བསྙེན་རྫོགས་མཛད། མཚན་རྡོ་རྗེ་འབུམ་ཞེས་པ་རྡོ་རྗེ་དཔལ་ཞེས་པར་བསྒྱུར། རྒོད་སྒྲོས་