R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 212b
[A:212b]ཆུའི་གྲོང་པ་དུམ་བུར་བཅད་ཀྱང་ཆུ་མི་འབོ་བ་དང་། ལྕགས་སྲེགས་བླངས་ཀྱང་མི་འཚིགས་པ་དང་། རྩིག་པ་ལ་རྡོ་དྲུག་སྦྱོར་གྱི་ཞལ་བ་བྱས་པས་རྩིག་པ་བྲག་ཆེན་པོ་ཅིག་ཏུ་གྱུར་པ་ལ་སོགས་པའི་རྟེན་འབྲེལ་
མང་པོ་མཛད། གྱ་གཉིས་པ་ཤིང་མོ་སྦྲུལ་ལ་ཞི་བར་གཤེགས་སོ༎ ཆོས་རྗེ་རོལ་པའི་རྡོ་རྗེ། ཆོས་རྗེ་རོལ་པའི་རྡོ་རྗེ་ནི། ཡུལ་རྔོད་ཀྱི་ཨ་ལ་རོང་གོ་ཆེན་སྤང་ཁར་གྱི་གནམ་རྫོང་དུ། ཡབ་བསོད་ནམས་དོན་གྲུབ། ཡུམ་
བརྩོན་འགྲུས་རྒྱན་གྱི་ལྷུམས་སུ། ཆོས་རྗེ་རང་བྱུང་རྡོ་རྗེ་ཉིད་དགའ་ལྡན་ནས་བྱོན་ཏེ་བཞུགས། ལྕགས་ཕོ་འབྲུག་ལ་བལྟམས། ལ་སྟོད་པ་རྟོགས་ལྡན་མགོན་རྒྱལ་བ་ལ་སྦྱོར་དྲུག་དང་ཟབ་མོ་ནང་དོན་
སོགས་ཀརྨ་པའི་ཆོས་སྐོར་རྣམས་གསན། མཚུར་ཕུར་ཕེབས་ནས། མཁན་ཆེན་དོན་གྲུབ་དཔལ་པ་དང་སློབ་དཔོན་བསོད་ནམས་འབུམ་ལས་རབ་ཏུ་བྱུང་། མཚན་དཔལ་དྷརྨ་ཀཱིརྟིར་གསོལ། དཔལ་
ལྡན་བླ་མ་ལ་འཇམ་དཔལ་གྱི་སྒྲུབ་ཐབས་གསན། གཡུང་སྟོན་པ་ལ་རྡོ་རྗེ་ཕྲེང་བ་སོགས་གསང་སྔགས་གསར་རྙིང་གི་དབང་རྒྱུད་མན་ངག་མང་པོ་དང་། ཁྱད་པར་དུ་དུས་འཁོར་རྒྱུད་འགྲེལ་ཕྲན་