R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 213a
[A:213a]དང་བཅས་པ་གསན། བཅོ་བརྒྱད་པ་ལ་སྔར་གྱི་མཁན་སློབ་དང་། གསང་སྟོན་གཞོན་ནུ་དཔལ་གྱིས་མཛད་དེ་བསྙེན་པར་རྫོགས། ཤ་ཆང་སྤུ་རྩེ་ཙམ་ཡང་སྤྱན་ལམ་དུ་མི་འགྲིམ་པ།
བཅུ་དགུ་པ་ལ་ཐོ་གན་ཐེ་མུར་གྱིས་སྤྱན་དྲངས་ནས། རིམ་གྱིས་བྱོན་ཏེ་ཉེར་གཅིག་པ་ལ་ཕོ་བྲང་དུ་ཕེབས། རྒྱལ་པོ་ཡབ་སྲས་ལ་དུས་འཁོར་གྱི་དབང་ཁྲིད་རྒྱུད་འགྲེལ་ཆ་ལག་དང་བཅས་པ་གནང་། སླར་
བོད་དུ་ཕེབས་ཏེ་འགྲོ་ཕན་རྒྱ་ཆེན་པོ་མཛད་ནས་ཞེ་བཞི་པ་ལ་བྱང་ཕྱོགས་ཀྱི་རི་བོའི་འདབས་སུ་གཤེགས་སོ༎ དཔལ་མཁའ་སྤྱོད་དབང་པོ། འདིའི་སློབ་མའི་གཙོ་བོ་ཤ་གྲགས་སེང་གེ་བའི་སྐུའི་སྐྱེ་བ་དཔལ་མཁའ་སྤྱོད་དབང་པོ་ནི། ཡུལ་གནམ་གྱི་
བྱེ་མ་ལུང་དུ་ཡབ་ལྷ་རྒྱལ་དང་། ཡུམ་འབྲོག་མོའི་སྲས་སུ་ལྕགས་ཕོ་སྟག་ལ་འཁྲུངས། མཁས་གྲུབ་དར་རྒྱལ་བས་མཚུར་ཕུའི་གནས་ནང་དུ་གདན་དྲངས། དགུང་ལོ་བདུན་ལ་ཆོས་རྗེ་རོལ་པའི་རྡོ་རྗེ་
ལ་དགེ་བསྙེན་མནོས། མཁན་ཆེན་དོན་གྲུབ་དཔལ་བ་དང་། རྗེ་རོལ་པའི་རྡོ་རྗེ་ལས་རབ་ཏུ་བྱུང་། བཅོ་བརྒྱད་པ་ལ་དོན་གྲུབ་དཔལ་བ། ཆོས་རྡོར་བ། གཞོན་ནུ་དཔལ་བ་རྣམས་ལས་བསྙེན་པར་