[A:213b]རྫོགས། རྗེ་རོལ་པའི་རྡོ་རྗེ་དང་། མཁས་གྲུབ་དར་རྒྱལ་བ་ལས་དབང་རྒྱུད་མན་ངག་དཔག་ཏུ་མེད་པ་གསན་ཅིང་། ཁྱད་པར་དུ་དུས་འཁོར་གྱི་དབང་རྒྱུད་བཤད་མན་ངག་དང་བཅས་པ་གསན། བདེ་བ་ཅན་པ་འཇམ་རིན་པ་
ལ་བྱམས་ཆོས་ཚད་མ་འདུལ་བ་རྣམས་གསན། མཁན་ཆེན་ཀུན་དགའ་འོད་ཟེར་ལས་རྡོ་རྗེ་ཕྲེང་བའི་དབང་སོགས་གསན། ཙ་རིའི་བྲག་དཀར་མོར་ཡང་ལོ་གསུམ་ཐུགས་དམ་རྩེ་གཅིག་ཏུ་མཛད། སྟག་རྩེ་དང་།
དགའ་ལྡན་མ་མོ་ལ་སོགས་པ་གནས་མང་དུ་བཏབ། བཀའ་འབུམ་པོ་ཏི་བདུན་ཙམ་མཛད་ཅིང་འཕྲིན་ལས་རྒྱ་ཆེར་བསྐྱངས་ནས་ང་དྲུག་པ་ཤིང་མོ་བྱ་ལ་ཞི་བར་གཤེགས་སོ༎ ལྷ་གཟིགས་རིན་ཆེན་རྒྱལ་མཚན། སློབ་མ་ཡང་། ཆོས་རྗེ་དེ་བཞིན་
གཤེགས་པ། སོག་དབོན་རིགས་པའི་རལ་གྲི། ལྷ་གཟིགས་རིན་ཆེན་རྒྱལ་མཚན། འཁྲུལ་ཞིག་བསོད་ནམས་འབུམ། བླ་མ་ཆོས་བཟང་པ་སོགས་མང་དུ་བྱོན་པ་ལས། ལྷ་གཟིགས་པ་ནི། དང་པོ་འབྲི་
ཁུང་པའི་གཟིམས་གཡོག་པ་ཡིན། ཕྱིས་མཁའ་སྤྱོད་པའི་ཞབས་ལ་གཏུགས་ཏེ་གདམས་པ་མ་ལུས་པ་མནོས་ནས་གསུང་རྣམས་ལ་ཟིན་བྲིས་མཛད། རྟོགས་པ་མཆོག་ཏུ་གྱུར་ཏེ་ས་སྟོད་སྨད་ཐམས་ཅད་དུ་གཞན་དོན་རྒྱ་