R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 214a
[A:214a]ཆེར་བསྐྱངས་སོ༎ དེའི་སློབ་མ་མཁན་ཆེན་ལྷག་རུ་བ་ཤཱཀྱ་གྲགས་པ། མཚན་གཞན་རིན་ཆེན་དཔལ་བཟང་དང་རང་གྲོལ་ལྷུན་གྲུབ་ཅེས་གྲགས་པ་དེས་དང་པོར་མཁའ་སྤྱོད་
པ་ཉིད་ལ་ཐུགས་ཅིང་གདམས་པའི་ཞིབ་ཚེགས་ཐམས་ཅད་ལྷ་གཟིགས་པ་ལ་སྟེན་ནས་གསན་པས་གྲུབ་པ་བརྙེས་ཏེ། དགུང་ལོ་གྱ་གཉིས་ཀྱི་བར་དུ་འགྲོ་དོན་བསྐྱངས་སོ༎ དེ་ལ་སེམས་དཔའ་ཆེན་པོ་
ནམ་པའི་ཞལ་སྔ་ནས་གདམས་པ་མ་ལུས་པར་གསན་ཏེ་བདག་ལ་དཔལ་མཁའ་སྤྱོད་པའི་ལུགས་ཀྱི་སྦྱོར་དྲུག་ལེགས་པར་གནང་ངོ་༎ འཁྲུལ་ཞིག་བསོད་ནམས་འབུམ། འཁྲུལ་ཞིག་བསོད་ནམས་འབུམ་ནི། གནས་ནང་
དང་ཉེ་བའི་གཡུ་མ་ཞེས་པར་འཁྲུངས། མཁའ་སྤྱོད་པ་ལ་གདམས་པ་མ་ལུས་པ་གསན། གསུང་ཟིན་བྲིས་སུ་བཏབ་ཏེ་བསྙེན་སྒྲུབ་ཀྱི་ཁྲིད་ཡིག་ཆེན་མོ་སོགས་མཛད། གནས་ནང་གི་གདན་
སར་བཞུགས་ནས་འཕྲིན་ལས་བསྐྱངས། དེ་ལ་སློབ་དཔོན་རིན་པོ་ཆེ་བླ་མ་རྒྱལ་མཚན་པས་གསན་ཏོ༎ བླ་མ་ཆོས་བཟང་པ་ནི། འཁྲུངས་ཡུལ་ནགས་ཤོད་པ། མཁའ་སྤྱོད་པ་ལ་གདམས་པ་