[A:214b]མ་ལུས་པར་མནོས། སྟག་རྩེ་དང་བ་ཡོའི་གདན་ས་མཛད་ནས་ཕྲིན་ལས་བསྐྱངས་སོ༎
ཆོས་རྗེ་དེ་བཞིན་གཤེགས་པ།
རོལ་པའི་རྡོ་རྗེའི་སྐུའི་སྐྱེ་བ་ཆོས་རྗེ་དེ་བཞིན་གཤེགས་པ་ནི། ཡུལ་ཉང་པོར་ཡབ་སྔགས་འཆང་གུ་རུ་རིན་ཆེན་དང་།
ཡུམ་ལྷ་མོ་སྐྱིད་ཀྱི་སྲས་སུ་ཤིང་ཕོ་བྱི་བ་ལ་མེ་ཏོག་གི་ཆར་དང་བཅས་ཏེ་སྐུ་བལྟམས། དགུང་ལོ་གཉིས་པ་ལ་སྒར་དུ་ཕེབས། བཞི་པ་ལ་དཔལ་མཁའ་སྤྱོད་པ་དང་མཇལ་ཏེ་སྟག་རྩེར་རྡོ་རྗེ་ཕྲེང་
བའི་དབང་། ཆོས་དྲུག་ཕྱག་ཆེན་སྦྱོར་དྲུག་སོགས་ཀརྨ་པའི་ཆོས་སྐོར་རྣམས་གསན། བདུན་པ་ལ་རྩེ་ལྷ་སྒང་དུ་ཚལ་མིན་པ་དང་ཡོན་བློ་བ་ལས་རབ་ཏུ་བྱུང་། མཚན་ཆོས་དཔལ་བཟང་པོར་གསོལ།
བཅོ་བརྒྱད་པ་ལ་མདོ་ཁམས་སུ་ཐེགས་ཏེ་ཀརྨ་དང་རི་བོ་ཆེ་སོགས་སུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཉི་ཤུ་པ་ལ་རྩེ་ལྷ་སྒང་དུ་སྔར་གྱི་མཁན་སློབ་ལས་བསྙེན་པར་རྫོགས། ཁྲིད་པ་སྒོམ་མ་ནུས་པ་ཞིག་
ལ་ཁོའི་ཁང་ཐོག་ཏུ་བྱོན་ནས་སྐུ་སྟོད་རིབ་ཙམ་དང་དབུ་རིབ་ཙམ་མཛད་ནས་གཟིགས་པའི་རྫུ་འཕྲུལ་བསྟན་པ་དང་། དེ་འཇིགས་ཏེ་བསྒོམས་པས་རྟོགས་པ་བསྐྱེད་པ་སོགས་སློབ་མ་གྲངས་མེད་པ་གྲོལ་