R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 215a
[A:215a]བར་མཛད། དེ་ནས་གོང་མ་ཡེ་དབང་གིས་གདན་དྲངས་ཏེ་ལྷས་མཚུར་ཕུ་ཁམས་ཀྱི་སའི་ཆ་རྣམས་རིམས་ཀྱིས་བརྒྱུད་ནས་ཕེབས་པ་ན། རྒྱའི་ཡུལ་དུ་ཉིན་མཚན་ཀུན་
ཏུ་འོད་ཀྱིས་གང་བ་དང་། སྤྲིན་གསེབ་ཏུ་སངས་རྒྱས་བྱང་སེམས་མང་པོ་བཞུགས་པ་དང་། ལྷའི་བུ་ཕོ་མོ་མང་པོ་མཆོད་པ་འབུལ་བ་སོགས་ངོ་མཚར་བའི་ལྟས་བརྒྱ་རྩ་བརྒྱད་བསྟན་པ་ཀུན་གྱིས་མཐོང་པས། རྒྱལ་པོ་
འཁོར་བཅས་ལྷག་པར་དད་དེ་རྒྱལ་པོ་སོགས་སེམས་ཅན་བགྲང་བ་ལས་འདས་པ་ཡང་དག་པའི་ལམ་ལ་བཀོད། སྐུའི་གཟི་བརྗིད་དང་། ཚངས་པའི་དབྱངས་དང་། མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱིས་འགྲོ་
བ་རྣམས་སྨིན་པར་མཛད་པས། ཐུབ་པའི་དབང་པོ་འཇིག་རྟེན་དུ་བྱོན་པ་འདྲ་ཞེས། རྒྱལ་པོས་དེ་བཞིན་གཤེགས་པ་ཞེས་སུ་གསོལ། སླར་བོད་དུ་ཕེབས་ཏེ་སྐྱེ་དགུའི་ཚོགས་མཐའ་ཡས་པ་གདམས་པ་དང་།
ཞལ་མཐོང་བ་ཙམ་གྱིས་བྱང་ཆུབ་ལ་བཀོད་ནས་སོ་གཉིས་པ་ཤིང་མོ་ལུག་ལ། ངས་ཀརྨའི་ཉེ་ལོགས་སུ་འདུན་པ་བཏང་ཚར་བས་དེར་གསོལ་བ་ཐོབ་ཅེས་ལུང་བསྟན་མཛད་དེ་ལྷ་ས་པོ་ཏ་ལར་མྱ་ངན་ལས་འདའ་