[A:218a]དུ་ཐེགས་ནས་ཧོར་རྣམས་དུལ་བར་མཛད་དེ་ཨ་རམ་གྱི་སྡིག་ལས་ཆེན་པོ་རྒྱུན་བཅད། ཆོས་བསྟན་ནས་བན་དེ་ལ་གུས་པར་བྱེད་དུ་བཅུག་ཏེ་བྱང་ཆུབ་ཏུ་ངེས་པར་མཛད། སླར་
ཁམས་དང་རྐོང་པོ་རིམ་པར་བརྒྱུད་དེ། ཉེར་བཞི་པ་ལ་དབུས་ཕྱོགས་སུ་ཕེབས། ཆོས་ཀྱི་རྗེ་སྤྱན་སྔ་རིན་པོ་ཆེས་ཚོང་འདུས་ཡངས་པ་ཅན་དུ་གདན་དྲངས། དབུས་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཆེ་དགུ་ཐམས་ཅད་འདུས་པ་
ལ་སོ་སོའི་འདོད་པ་བཞིན་ཆོས་མང་དུ་སྩལ། ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ་ལ་ཤ་ཝ་རིའི་ལུགས་ཀྱི་སྦྱོར་དྲུག་དང་། རྒྱུད་གསུམ་གསང་བ་གསན། རྗེ་དེས་མཁན་པོ། མཁན་ཆེན་རབ་འབྱོར་
བས་ལས་སློབ། ཆོས་རྗེ་རིན་པོ་ཆེ་ནམ་པས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། ཉེར་ལྔ་པ་ལ་འགོས་ལོ་ཙཱ་བ་ལས་སྒྲ་ཚད་སོགས་རིག་པའི་གནས་དང་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་གསན་ཅིང་སྦྱངས་པའི་ཚུལ་
མཛད། ཁྱད་པར་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་རྭ་འབྲོའི་བཤད་པ། དཔལ་ལྡན་བླ་མའི་ཊཱིཀ་ཆེན། རྒྱུད་ཕྱི་མ། རྡོ་རྗེ་སྙིང་འགྲེལ། དབང་མདོར་བསྟན། ལྟ་འདོད་མདོར་བསྟན། དོ་དམ་བསྙེན་