R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 218b
[A:218b]པ། དཔེ་མེད་མཚོའི་སྦྱོར་དྲུག་རྩ་འགྲེལ། མཚན་བརྗོད་འགྲེལ་པ་བདུད་རྩི་ཐིགས་པ། དུས་ཞབས་སྙན་རྒྱུད། ཡུ་མོའི་གསལ་སྒྲོན། སྒྲོམ་ལྡེ། ཆོས་རྗེ་ཕྱོགས་པའི་སྦྱོར་དྲུག་གི་ཁྲིད་ངོ་སྤྲོད་
སོགས་ཆ་ལག་དང་བཅས་པ་གསན། རྗེ་ལོ་ཆེན་པ་ལ་པཎ་ཆེན་ལུགས་ཀྱི་སྦྱོར་དྲུག་དང་རྔོག་ཆོས་སོགས་མང་པོ་དང་། དཔལ་ཀརྨ་པ་དང་སྟག་ལུང་པ་ལའང་མང་དུ་གསན་པ་མཛད། དབུས་གཙང་ལྷོ་བུམ་
ཐང་ཚུན་ཞབས་ཀྱིས་བཅགས་ཏེ་མཁས་བཙུན་མི་ཆེན་སྐྱེ་དགུའི་ཚོགས་བགྲང་བ་ལས་འདས་པ་ཐེག་པ་ཆེན་པོར་སྨིན་པར་མཛད། དགའ་ལྡན་མ་མོར་བཙུག་ལག་ཁང་རྟེན་ཆེན་དང་བཅས་པ་
ངོ་མཚར་བའི་བཀོད་པ་ཅན་བཞེངས། དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་སེངྒེའི་ཁྲི་ལ་བཞུགས་ཏེ་བསྟན་པའི་སྒྲོན་མེ་སྦར་བར་མཛད་དོ༎ རྒྱལ་བ་འདི་ཉིད་ཀྱི་ཞབས་ཀྱི་པདྨོ་ལ་བདག་གིས་གུས་
པས་བཏུད་དེ་རྣལ་འབྱོར་ཡན་ལག་དྲུག་པའི་གདམས་པ་དཔལ་མཁའ་སྤྱོད་པའི་ལུགས་ལེགས་པར་ཐོབ་པོ། གྲུབ་ཆེན་ཨོ་རྒྱན་པའི་སློབ་མ་དབུ་མ་པས་རྡོ་རྗེ་ཚིག་ལ་བཤད་པ་དང་མན་ངག་ལག་ལེན་དང་བཅས་