R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 219a
[A:219a]པ་མཛད། དེ་ལ་མཁས་གྲུབ་འབྱུང་གནས་བཟང་པོས་གསན་ཏེ་ཐུགས་ཉམས་སུ་བཞེས་པས་གྲུབ་པ་བརྙེས་ནས། མཆིམས་ཕུར་བཞུགས་ཏེ་ཁྲིད་ཡིག་གི་སྙིང་པོ་མཛད་ནས་འཕྲིན་
ལས་བསྐྱངས་སོ༎ དེ་ནས་ཡོན་རིན་པ། ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་པ། བདག་གི་བླ་མ་དུས་འཁོར་ཞབས་སོ༎ མཁན་ཆེན་བསོད་ནམས་འོད་ཟེར་བས་རྡོ་རྗེ་ཚིག་གི་རྣམ་བཤད་ཆེན་མོ་མཛད་
པ། ཆོས་རྗེ་གངས་པ་ནས་རྒྱུད་ནས་དཔལ་ལྡན་བླའི་བར་དུ་བྱུང་ངོ་༎ རྟོགས་ལྡན་ཟླ་བས་མིང་བས། རྡོ་རྗེ་ཚིག་གི་རྣམས་བཤད། ཁྲིད་རིམ་གེགས་སེལ་ངོ་སྤྲོད་ལ་སོགས་པའི་ཡིག་འཇོག་མང་དུ་མཛད་ཅིང་།
ཕྲེང་སྐོར་དུ་གྲགས་པ་མཛད་དོ༎ དེ་ནས་སྤྱིད་ཕུའི་མཁན་ཆེན་བྱང་ཆུབ་སེང་གེ། འཕགས་མཆོག་བསོད་ནམས་དཔལ། རྒོད་ཕྲུག་གྲགས་པ་འབྱུང་གནས། འགོས་ལོ་ཙཱ་བ་གཞོན་ནུའི་ཞབས་རྣམས་རིམ་པར་བརྒྱུད་དོ༎
ཡང་ཟླ་སེང་བ། རྟོགས་ལྡན་ཤེས་རིན་པ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་པ། བདག་གི་བླ་མ་དུས་ཞབས་པ་རྣམས་སོ༎ གསེར་ཁང་པ་གཞོན་ནུ་འབུམ། གྲགས་