R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 219b
[A:219b]པ་དཔལ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ་རྣམས་རིམ་པར་བརྒྱུད་པའི་མན་ངག་ཀྱང་བྱུང་ངོ་༎ ཨོ་རྒྱན་པའི་དངོས་སློབ་འདི་དག་རྒྱུད་འགྲེལ་དང་སྦྱར་ཏེ་ཁྲིད་ཀྱིས་གདུལ་བྱ་རྗེས་སུ་འཛིན་པ་ཁོ་ནའོ༎ ༎ ༥༽པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས། པཎ་ཆེན་ཤཱཀྱ་ཤྲཱི ལྔ་
པ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ནི། པཎ་ཆེན་དེས་དགུང་ལོ་དོན་བརྒྱད་བཞེས་པའི་དུས་སུ་པཎྜི་ཏ་བི་བྷཱུ་ཏི་ཙནྟྲ། སུ་ག་ཏ་ཤྲཱི། ཛ་ཡ་དཏྟ། དཱ་ན་ཤྲཱི་ལ། སངྒྷ་ཤྲཱི། སུ་མ་ཏི་སཱ་ག་ར། ཀཱ་ལ་ཙཀྲི།
ཛི་ན་གུཔྟ། མ་ཧཱ་བོ་དྷི་སྟེ་འཁོར་པཎྜི་ཏ་དགུ་དང་བཅས་པ་ཛ་གངྡ་ལ་གནས། ཁྲོ་ཕུ་ལོ་ཙཱ་བས་གདན་དྲངས་ཏེ། བོ་དུར་ཚོང་འདུས། གྲོ་མོ། ཕག་རི། འབྲིང་མཚམས། རྒྱང་རོ་རྣམས་
སུ་རིམ་ཀྱིས་བྱོན། དེ་ནས་དཔྱལ་ལོ་ཙཱ་བས་ཁྲོ་བོ་ཆེ་དང་དམ་ཁ་གནས་སུ་གདན་དྲངས། ཀྱཻ་རྡོ་རྗེ་འགྲེལ་པ་མན་ངག་དང་བཅས་པ་གནང་། དེ་ནས་མགུར་མོ་དང་། ཆུ་མིག་རིང་མོར་དགེ་འདུན་
གྱི་ཚོགས་ཆེན་པོས་བསྐོར་བས་ཁྱིམ་པ་རྣམས་ཀྱིས་ཞལ་ཡང་བལྟ་དཀའ་བར་བྱུང་། དེར་ས་པཎ་གྱིས་ཀྱང་མཇལ། དེ་ནས་ཁྲོ་ཕུར་ཕེབས། ཤིང་ཕོ་བྱི་བ་ལོའི་དབྱར་གནས་དེ་ཉིད་དུ་མཛད་དེ་ཚུལ་ཤིང་ལེན་