R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 220a
[A:220a]པ་བརྒྱད་བརྒྱ་བྱུང་། ལྷོ་བྲག་པ་བྱང་ཆུབ་དཔལ་བསྙེན་རྫོགས་གནང་། བརྒྱད་སྟོང་པ་ཨ་བྷ་ཡའི་འགྲེལ་བ་དང་བཅས་པ་དང་སོ་ཐར་དང་མདོ་སྡེ་རྒྱན་གསུངས། དེ་ནས་སྣར་གྱི་སླས་
མོ་ཆེར་བྱོན་དེར་ཐུགས་བག་ཕེབས་པས་སྔར་མ་གཟིགས་པས་ཡི་དམ་མང་པོའི་ཞལ་གཟིགས། སུམ་ཅུ་རྩ་གསུམ་དང་དགའ་ལྡན་པའི་མཆོད་པའི་རྔ་སྒྲ་ལས་ཆོས་ཀྱི་སྒྲ་འབྱུང་བ་གསན། འཇིག་རྟེན་གྱི་
ཁམས་ཀྱི་བཀོད་པ་དུས་འཁོར་ནས་ཇི་ལྟར་བཤད་པ་བཞིན་མངོན་སུམ་དུ་གཟིགས་པས་སྔོན་༼མངོན་༽པའི་ལུགས་དེ་མ་དག་པ་ཡིན་ནམ་དགོངས་པ་ན། སྒྲོལ་མའི་ཞལ་ནས་གདུལ་བྱའི་བློ་དང་བསྟུན་པས་མི་འགལ་ཏེ་སྡེ་པ་
བཅོ་བརྒྱད་ལྟ་བུ་ཡིན། ཡང་དག་པར་ན་འཇིག་རྟེན་རང་ཡང་མེད་གསུངས། གཙང་པོ་བ་བསོད་ནམས་མཛེས་ཀྱིས་མཇལ་ཏེ་བདག་བསྙེན་པར་རྫོགས་ནས་ལྟུང་བ་བྱུང་བ་མ་དྲན་པས། ཚུལ་ཁྲིམས་བསྲུངས་
པའི་བདེ་བ་བྱང་ཆུབ་ཏུ་བསྔོ་བར་ཞུས་པས། དབུ་ཞྭ་ཟུལ་གྱིས་ཕུད་ཕྱག་ཐལ་མོ་སྦྱར་ནས། བསྔོ་རྒྱུ་བཟང་འདི་ལྟ་བུ་རྒྱ་གར་ན་ཡང་དཀོན། ཁོ་བོའི་རྩར་བསྡོད་ལ་མཆོད་གནས་གྱིས་གསུངས་