[A:21a]སེམས་སོ༎ དཔག་བསམ་སྙེ་མ་ལས་སངས་རྒྱས་ཀྱིས་གསུངས་པའི་ལེའུ་སྟེ་དང་པོའོ༎ ༎
བྱང་ཆུབ་སེམས་དཔས་བཀའ་བསྡུས་ཤིང་འགྲེལ་པས་བཀྲལ་བའི་ལེའུ་སྟེ་གཉིས་པ།
བཀའ་བསྡུ་བ་ཇི་ལྟར་གནང་ཚུལ།
ད་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་
ཀྱིས་བཀའ་བསྡུས་ཏེ་འགྲེལ་པས་བཀྲལ་བ་ཇི་ལྟ་བུ་ཞེ་ན། སྤྱིར་བཀའི་བསྡུ་བ་ནི། དེ་ནས་དབྱར་ཟླ་འབྲིང་པོའི་ཉ་ལ་ལུས་འཕགས་རིའི་ནྱ་གྲོ་དྷའི་ཕུག་ཏུ་མ་སྐྱེས་དགྲས་སྦྱིན་བདག་བྱས་ཏེ། འོད་སྲུང་
ལ་སོགས་པའི་དགྲ་བཅོམ་པ་ལྔ་བརྒྱ་དབྱར་གནས་ནས། ཀུན་དགའ་བོས་མདོ་སྡེ། ཉེ་བ་འཁོར་གྱིས་འདུལ་བ། འོད་སྲུང་ཆེན་པོས་མ་མོ་བསྡུས་སོ༎ ཡང་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་ལ་
སམྦྷ་ཝའི་རི་ལ་ཕྱག་ན་རྡོ་རྗེ། བྱམས་པ། ཀུན་ཏུ་བཟང་པོ། ཀུན་དགའ་བོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་འདུས་ཏེ་ཐེག་པ་ཆེན་པོའི་སྡེ་སྣོད་མཐའ་དག་བསྡུས་ཤིང་། དེ་བཞིན་
གཤེགས་པའི་ངེས་པས་སྡེ་སྣོད་གསུམ་མ་ག་དྷའི་སྐད་དང་། མདོ་སྡེ་ནི་སིནྡྷའི་སྐད་དང་། ཕ་རོལ་ཏུ་ཕྱིན་པ་ནི་སཾ་སྐྲྀ་ཏའི་སྐད་རྣམས་ཀྱིས་གླེགས་བམ་དུ་བྲིས་ཏེ་བྱམས་པས་ཀྱང་ཆོས་ལྔ་མཛད་དོ༎ མདོར་
ན་སྡུད་པར་བྱེད་པ་པོ་རྣམས་མཐོ་རིས་དང་། ས་འོག་དང་། འཛམ་བུའི་གླིང་ཆེན་པོའི་ས་དུམ་བུ་བཅུ་གཉིས་ཀྱི་གླིང་དང་གླིང་ཕྲན་དང་ལོངས་སྤྱོད་ཀྱི་ས་ལ་སོགས་པ་མིའི་ཡུལ་རྣམས་སུ་ཉན་ཐོས་དང་།