[A:21b]རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དང་། ཐེག་པ་ཆེན་པོ་སྔགས་ཀྱི་སྡེ་སྣོད་རྣམས་ཡུལ་སྣ་ཚོགས་པའི་སྐད་ཀྱིས་གླེགས་བམ་དུ་བྲིས་ཏེ་རྒྱ་ཆེར་བསྟན་ཏོ༎ ༎
བྱེ་བྲག་ཏུ་རྡོ་རྗེ་ཐེག་པ་བསྡུས་ཚུལ།
བྱེ་བྲག་ཏུ་རྡོ་རྗེ་ཐེག་པ་ནི་ཕྱག་ན་རྡོ་རྗེ་ཉིད་ཀྱིས་བསྡུས་ཏེ་སཾ་སྐྲྀ་ཏ་ལེགས་པར་སྦྱར་བ་དང་། པྲ་ཀྲི་ཏ་ཐ་མལ་པ་དང་། ཨ་བ་བྷྲཾ་ཤ་ཟུར་ཆག་པ་དང་། ཀླ་ཀློའི་སྐད་ལ་སོགས་པས་གླེགས་བམ་དུ་བྲིས་
ཏེ་བསྟན་ནས་བདེ་མཆོག་སྟོད་འབྲེལ་༼འགྲེལ་༽ཡང་མཛད། དེ་ལྟར་ཉན་རང་ལ་གསང་བར་བྱ་བ་ནི་རྡོ་རྗེ་ཐེག་པ་ཡིན་ལ། དེའི་སྡུད་པ་པོ་ཡིན་པས་གསང་བའི་བདག་པོར་གྲགས་ཤིང་། རྣམ་པ་གཅིག་ཏུ་
ན། རོ་ལྡན་ན་གནས་པའི་གནོད་སྦྱིན་ཆེན་པོ་ལ་གསང་བ་པ་ཞེས་བྱ་ལ། དེ་དག་ལས་སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམ་ཞིང་བགེགས་བྱེད་པ་རྣམས་གསོད་པར་བྱེད་པས་ཀྱང་གསང་བ་
པའི་བདག་པོ་ཞེས་ཏེ་རི་དྭགས་ཀྱི་བདག་པོ་སེང་གེ་བཞིན་ནོ༎ དེས་རོ་ལྡན་གྱི་གནས་སུ་ཡང་རང་གི་སྲས་དཔུང་བཟང་གིས་ཞུས་པས། དེས་ཞུས་པའི་རྒྱུད་དང་། གསང་བའི་སྤྱི་རྒྱུད་དང་། ལེགས་གྲུབ་