[A:246b]དུ་བཅུ་གཉིས་རིན་པོ་ཆེས་སྤྱན་དྲངས་བསྐུར་བསྟི་ཆེར་མཛད། རལ་གུད་དུའང་ཆོས་གསུངས། ཡར་ཀླུངས་སུ་ལོ་ལྔ་བཞུགས། དེའི་ཚེ་ཧོར་རྒྱལ་པོ་ཡོན་མཆོད་ཀྱི་བཀའ་ལུང་བཞིན་ཆུ་མོ་ཕག་ལོ་ལ་ཆུ་མིག་ཏུ་ཆོས་
འཁོར་བཙུགས་པའི་ཚོགས་དཔོན་ལ་གདན་འདྲེན་བྱུང་བས་ཐེགས། བཅོམ་ལྡན་རིགས་པའི་རལ་གྲི། ཆུ་མིག་པ་ཆེན་པོ། ཤར་པ་རྡོ་རྗེ་འོད་ཟེར། ཡེ་ཤེས་རྒྱལ་མཚན། དུས་འཁོར་བ་ཡེ་ཤེས་རིན་ཆེན་སོགས་དགེ་བའི་བཤེས་གཉེན་ཁྲི་
ཕྲག་མང་པོ་ལ་སོ་སོའི་སྐལ་བ་བཞིན་ཆོས་གསུངས། ཆོས་རྒྱལ་འཕགས་པའི་བཀའ་བཞིན་དཔོན་ཆེན་ཤཱཀྱ་བཟང་པོས་ས་སྐྱར་གདན་དྲངས། ཚོགས་དུང་བཏགས་སྟེ་དགེ་འདུན་འདུས་པ་རྒྱ་མཚོ་ལ་ཆོས་གསུངས་
དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ་ཡང་གནང་། རེ་བདུན་པ་ལ་ལྟེའུ་རར་ཕེབས་ནས་མཁས་བཙུན་དཔག་མེད་འདུས་པ་ལ་ཆོས་འཁོར་ཟླ་མེད་པ་བསྐོར། བྲིན་ལྷས་སུ་ཤངས་པ་ཚུལ་ཤེས་གཙོས་པའི་
རྡོ་རྗེ་སློབ་མ་མང་པོ་ལ་རྡོ་རྗེ་ཕྲེང་བའི་དབང་གནང་། ཤིང་ཕོ་བྱི་བ་ལོའི་མགོའི་ཟླ་བའི་ཚེས་དགུའི་ཉིན་ཁྲོ་བོ་བཅུའི་ཞལ་གཟིགས། ཚེས་བཅུའི་ཉིན་ས་གཡོ་བ་དང་བཅས་པའི་ཆོ་འཕྲུལ་བསྟན་