R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 230a
[A:230a]ཏེ་ཞི་བར་གཤེགས། བླ་བྲང་གི་སྟེང་དུ་འཇའ་ཁ་དོག་ལྔ་པ་རྣམ་པར་བཀྲ་བ་ཀུན་གྱིས་མཐོང་། ལྷའི་སྤོས་དང་སིལ་སྙན་འཁྲོལ་བ་བྱུང་ཞིང་། རྒྱལ་ཟླའི་ཚེས་བཅོ་ལྔ་ལ་
གདུང་བཞུ་བ་འདུ་བའི་རྩེ་ལ་འཇའ་གདུགས་ཕུབ་པ་ལྟ་བུ་ནུབ་ཕྱོགས་ལ་འགྲོ་བ་བྱུང་། ལྷའི་མེ་ཏོག་དཀར་པོ་དཀར་ཡོལ་ལྟ་བུའི་ཆར་བབ། ཞག་གསུམ་གྱི་བར་དུ་ཆབ་རོམ་ཐམས་ཅད་ཞུ། གདུང་ལས་དཔལ་གཤིན་རྗེ་གཤེད་དམར་པོ་
དང་། རིགས་ལྔའི་ཕྱག་མཚན་སོགས་བྱོན། དགེ་བཤེས་གུར་དང་སྟོན་པའི་ཆོས་སྐྱབས་གཉིས་བལ་པོར་བཏང་སྟེ། བལ་པོའི་བཟོ་བོ་ཉང་རོ་ཧི་ཞེས་པས་ནང་རྟེན་བྱང་ཆུབ་ཆེན་པོ་བཞེངས་ནས་གདན་དྲངས། ལྟེའུ་རའི་གཙུག་
ལག་ཁང་དུ་བཞུགས་སུ་བཅུག ཕྱི་རྟེན་མཆོད་རྟེན་བཞེངས་ཏེ་ཆར་ཆེ་ལོ་ལེགས་པས་བཀྲ་ཤིས་ཆར་འབབས་སུ་གྲགས། བཅོམ་ལྡན་རིག་རལ་གྱིས་དུས་འཁོར་འདི་ན། ཟླ་བ་ཤར་དུ་འགྲོ་བ་དང་། རྒྱ་ནག་བོད་ཀྱི་
བྱང་ན་ཡོད་པ་སོགས་དངོན་སུམ་དང་འགལ་བ་མང་དུ་ཡོད་ཅེས་སྨྲ་བ་ལ། ཕྱིས་ཆོས་རྗེ་ལོ་ཙཱ་བ་ལ་རྒྱུད་འགྲེལ་གསན་པས་མཆོག་ཏུ་དུས་འཁོར་ལ་མོས་ཤིང་མཁས་པར་གྱུར། སློབ་མའི་ཚོགས་ལའང་