R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 230b
[A:230b]ལན་དུ་མར་གསུངས། གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན་གྱིས་ཆོས་རྗེ་མངའ་རིས་ན་བཞུགས་པའི་སྐབས་སུ་དབང་རྒྱུད་འགྲེལ་མན་ངག་དང་བཅས་པ་གསན་ཅིང་སྦྱངས། རྩིས་ལ་ཤིན་ཏུ་མཁས་སླད་
མར་ཤོང་ལོངས་སྐུ་མཆེད། གོ་ལུང་པ་གཞོན་ནུ་དཔལ། གྲུབ་ཆེན་ཨུ་རྒྱན་པ་སོགས་ལ་གསུངས་སོ༎ གཙང་པ་དབང་ཕྱུག་ཤེས་རབ། ལོ་ཙཱ་བ་ཆེན་པོའི་ཐུགས་སྲས་མཁན་ཆེན་གཙང་པ་ནི་གཙང་ནགས་ཕུག་པ། མཚན་དབང་ཕྱུག་
ཤེས་རབ། ནགས་ཕུག་པ་ཆེན་པོ་དང་། ཁྱད་པར་དུ་ལོ་ཙཱ་བ་འདི་ཉིད་ཀྱི་ཞབས་ལ་གཏུགས་པས། སྒྲ་ཚད་དང་སྡེ་སྣོད་མཐའ་དག་ལ་མཁས། རྒྱུད་སྡེ་རྒྱ་མཚོ་ལ་དབང་འབྱོར། དུས་འཁོར་གྱི་དབང་རྒྱུད་
བཤད་མན་ངག་རྣམས་ཀྱང་གསན་ཅིང་མཁས་པར་མཁྱེན། ཆག་ལོ་ལས་བསྙེན་པར་རྫོགས། ཚུལ་ཁྲིམས་ཀྱི་དྲིས་ཀུན་ཏུ་ཁྱབ། ལོ་ཙཱ་བའི་གདན་སར་བཞུགས་ཏེ་འཕྲིན་ལས་བསྐྱངས་སོ༎ དབོན་བསྟན་འཛིན་དཔལ་བཟང་པོ། དེ་ལ་ཆག་
ལོའི་དབོན་པོ་བསྟན་འཛིན་དཔལ་བཟང་པོས་གསན་ཏེ། དེ་ནི་ཆག་ལོའི་གཅུང་སློབ་དཔོན་ཇོ་ཡེས་ཀྱི་སྲས་སུ་འཁྲུངས། མཁན་ཆེན་གཙང་པ་ལས་བསྙེན་པར་རྫོགས། ཆག་ལུགས་ཀྱི་ཆོས་རྣམས་