R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 231a
[A:231a]མཁས་པར་མཁྱེན། གྲུབ་ཆེན་ཨུ་རྒྱན་པ་ལ་དུས་འཁོར་རྒྱུད་བཤད་དབང་མན་ངག་དང་བཅས་པ་གསན། ལྟེའུ་རའི་གདན་སར་འགྲོ་ཕན་ཆེར་མཛད་དོ༎ དེ་ནས་དེ་ཉིད་
ཀྱི་དབོན་པོ་ཆག་རིན་ཆེན་འབྱུང་གནས་དཔལ་བཟང་པོ། རྗེ་བཙུན་དཔལ་ཆེན་བཟང་པོ། ཆོས་རྗེ་ཡེ་ཤེས་དཔལ་བཟང་པོ་ཡབ་སྲས་ཏེ་རྒྱུད་འགྲེལ་གྱི་ལུང་རྒྱུད་དོ༎ ཆག་ལོ། ཤངས་པ་ཚུལ་ཤེ། བླ་བྲང་བ་
གཞོན་ནུ་རྒྱལ་མཚན། བླ་བྲང་པ་བློ་གྲོས་དཔལ། བླ་བྲང་བ་བཟང་པོ་དཔལ། དཔལ་ཆེན་བཟང་པོ། ཡེ་ཤེས་དཔལ་བཟང་པོ་དབང་རྒྱུད་དོ༎ ཆག་ལོ། གྲུམ་སྟོན་ཤེས་རབ་དཔལ། གྲུབ་ཐོབ་ལེགས་ལྡན་
འོད། དཔལ་ཆེན་བཟང་པོ། ཡེ་ཤེས་དཔལ་བཟང་པོ་སྟེ་ཁྲིད་ཀྱི་རྒྱུད་པའོ༎ ཡང་ཆག་ལོ། བླ་བྲང་བ་ཆེན་པོ། བླ་བྲང་བ་བློ་གྲོས་དཔལ། བླ་བྲང་བ་བཟང་པོ་དཔལ། དཔལ་ཆེན་བཟང་པོ། ཡེ་ཤེས་དཔལ་
བཟང་པོ། རྒྱལ་སྲས་བློ་བཟང་དཔལ་འབྱོར་བ་སྟེ་མཚན་བརྗོད་ཀྱི་འགྲེལ་བ་བདུད་རྩི་ཐིགས་པའི་བརྒྱུད་པའོ༎ ༧༽ཤ་ཝར་དབང་ཕྱུག་གི་མན་ངག་ལུགས། གྲུབ་ཆེན་ཤ་ཝར་དབང་ཕྱུག བདུན་པ་ཤ་ཝར་དབང་ཕྱུག་གི་མན་ངག་ལུགས་ཁྱད་པར་དུ་བཤད་པ་ལ། རྡོ་རྗེ་འཆང་ངམ་སྤྱན་