R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 231b
[A:231b]རས་གཟིགས་ལ་གྲུབ་ཆེན་ཤ་ཝར་དབང་ཕྱུག་གིས་གསན་ཏེ། འདི་ནི་གྲོང་ཁྱེར་ཏེ་ཏེའི་གར་མཁན་ལོ་ཀི་དང་གུ་ན་གཉིས་ཀྱི་བུ་ཚ་རིགས་ངན་གླུ་གར་གྱིས་འཚོ་བའི་མིང་སྲིང་གསུམ་ཡོད་པ། སློབ་དཔོན་
ཀླུ་སྒྲུབ་བྷཾ་ག་ལའི་རི་བོ་ན་བཞུགས་པ་ལ་སློང་དུ་ཕྱིན་པས། རིགས་ངན་ལ་རྣམ་རྟོག་མ་མཛད་པར་ནང་དུ་བོས་ཁ་ཟས་མང་པོ་བྱིན་པ་དང་དད་པ་ཐོབ་སྟེ་བྱང་སེམས་བློ་གྲོས་རིན་ཆེན་གྱི་སྐུའི་རས་བྲིས་མཐོང་ནས་
འདི་ཅི་ལགས་ཞུས་པས། བྱང་སེམས་ལྷའི་བུ་ཐ་མལ་པས་མི་མཐོང་བ་ཞིག་ཡིན་གསུངས། བདག་ཅག་ལ་བསྟན་པར་ཞུ་ཞུས་པས། སྤྱི་གཙུག་ན་ཡོད་ཀྱིས་ལྟོས་གསུང་། དེ་མཐོང་བའི་
མི་གཅིག་ཞུ་ཞུས་པས། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་རྒྱུད་བཤད་གདམས་པ་གནང་། དེ་དག་གིས་ཀྱང་ཉམས་སུ་བླངས་པས་རྒྱུད་དག་ནས་བྱང་སེམས་ཀྱི་ཞལ་མཐོང་སྟེ། བྲམ་ཟེ་ཆེན་པོའི་
དོ་ཧ་གླུར་བླངས་ནས་གར་བྱས་མཆོད་པ་ཕུལ་བས། ཁྱོད་ཀྱིས་དེའི་དོན་ཤེས་སམ་གསུངས། མི་ཤེས་པས་ཞུ་ཞུས་པས། རྒྱུད་བྱིན་གྱིས་བརླབས་ཏེ་དོ་ཧའི་སྙིང་པོ་དོན་གྱི་དགོངས་པ་བསྟན་པས་དེ་ཉིད་དུ་དེ་