R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 232a
[A:232a]ཁོ་ན་ཉིད་ཀྱི་རྟོག་པ་ཐོབ་པོ། དེར་བྱང་ཆུབ་སེམས་དཔས་རིགས་ཀྱི་བུ་ཁྱོད་ལྷོ་ཕྱོགས་ལྡོང་ངར་གྱི་སྟོན་པ་ཤ་ཝ་ར་དབང་ཕྱུག་བྱ་བ་ཡིན་པས། འདིར་མ་བསྡོད་པར་རྔོན་པའི་ཆས་སུ་
ཞུགས་ལ་ལྷོ་ཕྱོགས་དཔལ་གྱི་རི་སེམས་ངལ་གསོ་བའི་རི། ཡིད་ཕམ་པར་བྱེད་པའི་རི་ལ་སོང་ལ་དབང་པོ་ཡང་རབ་རྣམས་ཀྱི་དོན་གྱིས་ཤིག་ཅེས་ལུང་བསྟན་པ་བཞིན། དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་པས་
ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཏེ་དེང་སང་གི་བར་དུ་ཡང་བཞུགས་སོ༎ འདིས་མ་རིག་མུན་པའི་ནགས་ཚལ་དུ། གཟུང་འཛིན་གཉིས་ཀྱི་རི་དྭགས་རྒྱུ། ཐབས་ཤེས་གཉིས་ཀྱི་གཞུ་བརྡུངས་ནས།
སྙིང་པོ་དོན་གྱི་མདའ་གཅིག་འཕངས། འཆི་ནི་རྣམ་པར་རྟོག་པ་འཆི། ཤ་ནི་གཉིས་སུ་མེད་པར་ཟོས། རོ་ནི་བདེ་བ་ཆེན་པོར་མྱོང་། འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ། ཅེས་གླུ་བླངས་སོ༎ འདི་ལ་བླ་མ་རྡོ་རྗེ་
གདན་པས་ཀྱང་། གར་མཁན་དཔལ་གྱི་རི་ལ་བཞུགས། ལྕམ་སྲིང་གཉིས་ཀྱིས་དངོས་གྲུབ་བརྙེས། ཤ་ཝ་ར་ཞེས་བྱ་བ་ཡི། བླ་མ་དེ་ལ་ཕྱག་འཚལ་ལོ༎ ཞེས་བསྟོད་དོ༎ པཎ་ཆེན་བི་བྷཱུ་ཏི་ཙནྟྲ། དེ་ལ་པཎ་ཆེན་བི་བྷཱུ་ཏི་ཙནྟྲས་གསན་ཏེ་