R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 237a
[A:237a]དུ་ལན་འགའ་བྱོན་ཏེ། བི་བྷཱུ་ཏིའི་སློབ་མ་བི་ཛ་ཡ་རཀྵི་ཏ། གཽ་ཏ་མ་ཤྲཱི། སུ་རུ་ཥོཏྟ་མ། རཏྣ་ཤྲཱི་སོགས་པཎ་གྲུབ་དུ་མ་བསྟེན་ནས་རིག་པའི་གནས་
ལྔ་ལ་སྦྱངས་པས་པཎྜི་ཏ་ཆེན་པོར་གྱུར། ཁྱད་པར་དུ་བི་ཛ་ཡ་རཀྵི་ཏ་དང་རྒྱ་གར་ནུབ་ཕྱོགས་མ་ལ་བའི་གྲུབ་ཐོབ་གོ་སི་པ་ལ་དུས་འཁོར་གྱི་གདམས་པ་མང་དུ་མནོས། བལ་པོར་བཞུགས་
དུས་ཤིང་ཀུན་གྱི་ནགས་གསེབ་ཏུ་སྐྱོ་བསངས་ལ་བྱོན་པས་ཤིང་དྲུང་ཞིག་ན་གྲུབ་ཆེན་ཨ་ཙ་ལ་ནཱ་ཐཱ་སྤྲེའུ་མང་པོ་འདུས་པའི་རྣ་བར་གླིང་བུ་བཙུགས་ཏེ་འབུད་ཀྱིན་འདུག་པ་ལ་སྒྲ་
རིངས་ཀྱི་གདམས་པ་གསན། པཎྜི་ཏ་ཨཱ་ནནྟ་ཤྲཱི་བོད་དུ་སྤྱན་དྲངས་ཏེ་རིའི་ཀུན་དགའ་སོགས་མདོ་བཅུ་གསུམ་བསྒྱུར་ཞིང་། གཞན་ཡང་གཞི་འགྱུར་དང་འགྱུར་བཅོས་མང་པོ་མཛད། ཕྱི་
ནང་གི་རྒྱུད་སྡེའི་དགོངས་པ་ཐུགས་སུ་ཆུད་ཅིང་སྦྱོར་དྲུག་ལ་རྩེ་གཅིག་ཏུ་བསྒོམས་པས། འཆི་འཕོ་བ་དང་སྐྱེ་བ་མངོན་པར་མཁྱེན་རླུང་ལ་དབང་ཐོབ། འབྱུང་བ་གསུམ་དང་གནད་གཉིས་སོགས་གདམས་པ་