[A:237b]འདིའི་བསྟན་བཅོས་མང་པོ་མཛད་ཅིང་ཐར་བའི་མཁན་སར་བཞུགས་ནས་འཕྲིན་ལས་བསྐྱངས་སོ༎
དེ་ལ་བུ་སྟོན་ཐམས་ཅད་མཁྱེན་པས་གསན་པས་མངོན་པར་ཤེས་པ་ལྔ་ཐོབ་པོ། ཡང་པཎ་ཆེན་བི་བྷཱུ་
ཏི་ཙནྟྲ་དང་། དཔྱལ་པདྨོ་ཅན་གཉིས་ག་ལ། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་གསན། དེ་ལ་ཀུན་སྤངས་ཆེན་པོས་གསན་ཏོ༎ མར་སྟོན་གཡང་འབར། བི་བྷཱུ་ཏི་ཙནྟྲའི་སློབ་མ་མར་སྟོན་གཡང་འབར་ནི། བི་བྷཱུ་
ཏི་ལ་སྦྱོར་དྲུག་ཞུས་ནས་བསྒོམས་པས་རླུང་དབུ་མར་ཆུད། སངས་རྒྱས་ཀྱི་ཞིང་མང་པོ་གཟིགས། བླ་མ་ཡང་ཤིན་ཏུ་མཉེས། ཕྱིས་གཙང་སག་ཐང་གི་སོ་སོར་བཞུགས། སྟོང་གཟུགས་ཁོ་ན་ལས་
འདས་མ་འོངས་མཐའ་དག་གཟིགས་པའི་མངོན་ཤེས་དང་ལྡན་ནོ༎ རྣལ་འབྱོར་སེངྒེ་འབུམ། དེ་ལ་རྣལ་འབྱོར་སེངྒེ་འབུམ་གྱིས་གསན་ཏོ༎ དེ་ནི་སྤྱིར་རྒྱུད་སྡེ་དང་གདམས་ངག་མང་དུ་གསན། ཁྱད་པར་དུ་མར་སྟོན་གཡང་འབར་
ལ་སྦྱོར་དྲུག་གསན་ཏེ་རྩེ་གཅིག་ཏུ་བསྒོམས་པས་རྟོགས་པའི་ཡོན་ཏན་ཕུལ་ཏུ་ཕྱིན། སྟོང་གཟུགས་ཀྱི་ཀ་འབུམ་ལ་སོགས་པ་གང་རུང་དང་བསྲེས་པས་སྟོང་གཟུགས་དང་སྐུ་ལུས་གཅིག་ཏུ་གྱུར་ཏེ་སྣ་ཚོགས་སུ་སྤྲུལ་ནུས།