R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 238a
[A:238a]བདེ་བ་ཅན་ལ་སོགས་པ་གང་འདོད་པའི་སངས་རྒྱས་ཀྱི་ཞིང་དེ་མི་ཤིགས་པའི་ཐིག་ལེའི་ནང་དུ་གཟིགས་མ་ཐག་མངོན་དུ་འགྱུར། སྤྱིར་གནས་ངེས་པ་མེད་པར་རི་ཁྲོད་གང་དབེན་དུ་བཞུགས་
ཤིང་། འཁྱོག་དུར་གྱི་དགོན་པར་ཅུང་ཟད་བཞུགས་པ་མཛད་དོ༎ དེ་ལ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་གསན་ནོ༎ ཡང་ཤ་ཝ་ར་དབང་ཕྱུག་གིས་ཕ་དམ་པ་སངས་རྒྱས་ལ་སྦྱོར་བ་ཡན་ལག་དྲུག་རྡོ་རྗེའི་གླུར་བླངས་ནས་
གསུངས། དེ་ཞྭ་མ་ལོ་ཙཱ་བ་སེངྒེ་རྒྱལ་མཚན་གྱིས་བསྒྱུར་བ་རིམ་པར་བརྒྱུད་དེ་དཔལ་ཀརྨ་པ་ལ་བདག་གིས་ཐོབ་ལ་སྐུངས་ལུངས་པ་སངས་རྒྱས་དཔལ། བདག་གི་བླ་མ་དུས་འཁོར་ཞབས་ལས་ཀྱང་བྱུང་ངོ་༎ པཎ་ཆེན་ནགས་ཀྱི་རིན་ཆེན།
གྲུབ་ཆེན་ཤ་ཝ་ར་དབང་ཕྱུག་གི་སྲས་པཎ་ཆེན་ནགས་ཀྱི་རིན་ཆེན་ནི། རྒྱ་གར་ཤར་ཕྱོགས་གྲོང་ཁྱེར་དམ་པ་ཞེས་པར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་པ་ལ་མ་ཧཱ་ཙཻ་ཏྱའི་གཙུག་ལག་ཁང་
དུ་མཁན་པོ་སངས་རྒྱས་དབྱངས་དང་སློབ་དཔོན་སུ་ཛཱ་ཏ་རཏྣ་ལས་རབ་ཏུ་བྱུང་སྟེ་རིག་པའི་གནས་མང་པོ་ལ་སྦྱངས། མཁན་པོ་ལས་སེམས་བསྐྱེད་ཅིང་དཔེ་མེད་མཚོ་ནས་བརྒྱུད་པའི་སྦྱོར་དྲུག་དང་དབང་མན་