R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 238b
[A:238b]ངག་མང་དུ་གསན། ཉི་ཤུ་པ་ལ་མཁན་སློབ་དེ་གཉིས་ལས་བསྙེན་པར་རྫོགས། དེ་ནས་སིངྒྷ་ལའི་གླིང་དུ་བྱོན་ཏེ་ལོ་དྲུག་བཞུགས་ནས་སློབ་དཔོན་ཆོས་ཀྱི་གྲགས་པ་ལ་འདུལ་བ་ལུང་དང་འོད་ལྡན་
གསན། གནས་དང་རྟེན་ཁྱད་པར་ཅན་རྣམས་མཇལ་ཞིང་གཙོ་བོར་ཐུགས་དམ་ལ་བཞུགས། སངས་རྒྱས་གང་ཆེན་མཚོའི་ཞལ་གཟིགས། སླར་རྒྱ་གར་ལྷོ་ཕྱོགས་ཀ་ལིངྒའི་ཡུལ་དུ་ཕེབས། པཎྜི་ཏ་ཆེན་པོ་མིའི་
ཉི་མས་བསྟོད་པ་ཕུལ། དེ་ནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་བྱོན་ནས་ཀླུའི་བྱང་ཆུབ་ཀྱི་གནས་སུ་བཞུགས། དེར་དཔལ་ཤ་ཝ་ར་དབང་ཕྱུག་དང་ཐོག་མར་མཇལ། མ་ག་དྷར་བྱོན་
ཏེ་རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོ་ལ་གསོལ་བ་བཏབ། པཎྜི་ཏ་ཧ་རི་ཧ་ར་ལ་ཀ་ལཱ་པ་གསན། ཆུ་བོ་ཀན་ཀ་ཤྲཱི་ཏཾ་གྱི་ལོགས་སུ་རྣལ་འབྱོར་ཡན་ལག་དྲུག་ལ་ལོ་གསུམ་ཕྱོགས་གསུམ་གྱི་ངེས་པ་མཛད་
དེ་བཞུགས། ཨ་རུ་བཱ་སེའི་གནས་སུ་བི་རཱུ་པཀྵ་དང་། སཱ་གྷ་ལ་དང་མཇལ། སྤྱན་རས་གཟིགས་ཀྱི་རྡོ་སྐུས་བོད་ཡུལ་དུ་སོངས་ཤིག་རྒྱལ་པོ་ཞིག་ལ་བརྟེན་ནས་འགྲོ་བ་མང་པོ་ལ་ཕན་པར་