[A:239a]འགྱུར་རོ་ཞེས་ལུང་བསྟན་པས། བལ་པོར་ཕེབས་ཏེ་པཎྜི་ཏ་ཤྲཱི་ལ་སཱ་ག་ར་ལ་སེམས་བསྐྱེད་གསན། མེ་ཕོ་རྟའི་ལོ་ལ་བྱོན། ལྷ་ས་ཡར་ཀླུངས་སུ་ཡང་ཡུད་ཙམ་ཕེབས་ཏེ་
སླར་བལ་བོར་འཕགས་པ་ཤིང་ཀུན་གྱི་ཤཱཊྟ་པཱུ་རིའི་གཙུག་ལག་ཁང་དུ་བཞུགས་པ་ན། དང་པོར་བླ་མ་སངས་རྒྱས་དབྱངས་བྱོན། དེ་ནས་ཤ་ཝ་ར་དབང་ཕྱུག་བྱོན་ནས་སྤྲུལ་བའི་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། ཟབ་མོའི་
དབང་ཕྱི་མ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་བརྙེས། སླར་ཡང་སི་ཏུ་རབ་བརྟན་པས་སྤྱན་དྲངས་ཏེ་རྒྱང་མཁར་རྩེར་ཕེབས། རོང་སྟོན་སྨྲ་བའི་སེང་གེས་ཞབས་ལ་གཏུགས། འདུལ་བ་
མེ་ཏོག་ཕྲེང་རྒྱུད་ལ་འགྱུར་བཅོས་མཛད། སྲིན་པོ་རིར་ཕེབས་པ་ན། ཆོས་རྒྱལ་གྲགས་པ་འབྱུང་གནས་པས་སྣེ་གདོང་རྩེར་གདན་དྲངས། ཆོས་འཁོར་ལོ་ཙཱ་བ་མཉྫུ་ཤྲཱིས་ལོ་ཙཱ་བྱས་ཏེ་ཆོས་ཀྱི་
རྒྱལ་པོ་ཉིད་དང་དཔལ་ཀུན་བཟང་རྩེ་པ་ལ་ལུ་ཡི་པ་དང་མི་གཡོ་བླ་མེད་ཀྱི་དབང་གསན། དེ་ནས་མོན་སྤ་གྲོར་ཐེགས་ཏེ་པདྨ་སཾ་བྷ་བ་དང་མཇལ། སླར་ཡང་མེ་ཕོ་འབྲུག་ལོ་ལ་སྣེ་