R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 239b
[A:239b]གདོང་དུ་ཕེབས། ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ། སྣར་ཐང་མཁན་ཆེན་བསོད་ནམས་མཆོག་གྲུབ་པ། ཆེན་པོ་གྲགས་བཟང་པ། ཆེན་པོ་བློ་རྒྱལ་བ། མཁན་ཆེན་ཀུན་རྒྱལ་བ། དཔལ་ཆོས་ཀྱི་གྲགས་པ་
ཆོས་རྗེ་བློ་གྲོས་དབང་ཕྱུག་སོགས་སྡེ་སྣོད་འཛིན་པ་སུམ་ཅུ་རྩ་གཉིས་ལ་དཔེ་མེད་འཚོའི་ལུགས་ཀྱི་སྦྱོར་དྲུག་རྫོགས་པར་གནང་། ཁྲིད་ཐོན་རྗེས་མི་གཡོ་བླ་མེད་ཀྱི་དབང་དང་ཕག་མོའི་བྱིན་བརླབས་ཀྱང་གནང་། སྦྲུལ་
ལོ་ལ་ཆོས་རྒྱལ་གྲགས་པ་འབྱུང་གནས་དང་། དཔལ་ཀུན་བཟང་རྩེ་པ་ལ་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་ཞེ་ལྔ་མའི་དབང་རྫོགས་པར་གནང་། དེའི་རྗེས་ལ་དཀྱིལ་འཁོར་དེ་ཉིད་དུ་འགོས་ལོ་ཙཱ་བ་སོགས་སྡེ་སྣོད་འཛིན་པ་མང་པོས་
ཀྱང་དབང་ཚང་བར་ཞུས། བདེ་དགྱེས་དང་གྲྭ་ལྔའི་སྒོས་བཀའ། ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པར་གནང་། དབང་མདོར་བསྟན་སཱ་དྷུ་པུ་ཏྲའི་དཀའ་འགྲེལ་དང་བཅས་པ། དཔྱིད་ཐིག་འགྲེལ་པ་
མི་གཡོ་བླ་མེད་ཀྱི་རྒྱུད་རྣམས་པཎ་ཆེན་ཉིད་དང་འགོས་ལོ་ཙཱ་བས་བསྒྱུར་ཏེ་གསུངས། མན་ངག་སྙེ་མ་དང་དཔེ་མེད་འཚོའི་སྦྱོར་དྲུག་རྩ་འགྲེལ་ཡང་གནང་། དེ་ནས་བལ་བོར་བྱོན་ནས་སངས་རྒྱས་དབྱངས་