R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 240a
[A:240a]ཀྱི་སྐུ་ཚབ་གསེར་སྐུ་བཞེངས། རྡོ་རྗེ་གདན་དུ་མཆོད་འབུལ་བ་བརྫངས། ཕྱིས་ཆུ་མོ་བྱ་ལོ་ལ་བོད་དུ་ཕེབས། རྗེ་འགོས་ལོ་ཙཱ་བས་ལ་སྟོད་ནས་གདན་དྲངས། སི་ཏུ་རྣམ་རྒྱལ་གྲགས་པ་ལ་བདེ་
མཆོག་གི་དབང་གནང་། ལམ་རྣམས་སུའང་ཆོས་མང་པོ་རིམ་པར་གནང་ཞིང་ཡར་ཀླུངས་སུ་ཕེབས་ནས་བདག་པོ་ཀུན་དགའ་ལེགས་པ་འཁོར་དང་བཅས་པ་དང་རྗེ་བྱམས་པ་གླིང་པ་ཆེན་པོ་སོགས་སྡེ་སྣོད་འཛིན་པ་མང་པོ་
ལ་སྦྱོར་དྲུག་གི་ཁྲིད་གནང་། རྩེས་ཐང་གསང་ཕུ། གུང་ཐང་། གདན་ས་ཐེལ་ལ་སོགས་པར་དགེ་འདུན་སྤྱི་ལ་ཚོགས་ཆོས་གནང་བ་དང་། ཡུལ་སོ་སོའི་འགྲོ་བ་ཕལ་མོ་ཆེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བཀོད་དེ་སྲིད་
པ་མཐའ་ཅན་དུ་མཛད། དུས་ཕྱིས་པཎྜི་ཏ་བྱོན་པ་ལ་འཕྲིན་ལས་ཆེ་ཤོས་སུ་སྣང་། ཁྱད་པར་རྡོ་རྗེ་ཐེག་པའི་ངེས་དོན་གྱི་བསྟན་པ་ལ་སྲོག་མཐུད་པ་ལྟ་བུའི་བཀའ་དྲིན་མཛད། འཇམ་རྡོར་ལ་སོགས་
པའི་དབང་འགའ་ཞིག་ཀྱང་གནང་། སྤྱན་ས་རིན་པོ་ཆེ་ངག་གི་དབང་ཕྱུག་ལ་དྲིལ་བུ་རིམ་ལྔ་མཚན་མ་མེད་པའི་རྫོགས་རིམ་ཉིད་དུ་བཀྲལ་བའི་གཞུང་བཤད་དང་ཁྲིད་གནང་། དཔལ་བྱམས་པ་གླིང་པ་དང་ལོ་ཆེན་བསོད་ནམས་