R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 241a
[A:241a]ལྡན་འཛོམས་པའི་སྲས་སུ་ཤིང་ཕོ་འབྲུག་ལ་ཡར་ཀླུངས་བཙན་ཐང་དུ་འཁྲུངས། བྲག་ནག་པ་མགོན་རྒྱལ་བས་མཚན་བསོད་ནམས་རྒྱ་མཚོའི་སྡེ་ཞེས་གསོལ། དགུང་ལོ་བདུན་པ་ལ་
རོང་སྟོན་སྨྲ་བའི་སེང་གེ་དང་། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་བ་ལས་རབ་ཏུ་བྱུང་། སློབ་དཔོན་ངག་དབང་པ་ལས་ཕར་ཚད་ལ་སྦྱངས་ནས་བཅུ་གསུམ་པ་ལ་རྩེས་ཐང་དུ་བཤད། ཆོས་རྒྱལ་གྲགས་པ་འབྱུང་གནས་
པས་ཆེན་པོ་དཔལ་འབྱོར་རྒྱ་མཚོ་ལ་གཏད་དེ་སྡེ་སྣོད་ཕལ་མོ་ཆེ་ལ་སྦྱངས་ནས། ཉེར་གཅིག་པ་ལ་རྩེས་ཐང་ཚོགས་སུ་བྱམས་ཆོས་ལྔ། རིགས་ཚོགས། རིན་ཆེན་ཕྲེང་བ། བཤེས་སྤྲིང་། འཇུག་པ་། སྤྱོད་འཇུག བཞི་བརྒྱ་པ།
མངོན་པ་གོང་འོག པན་སྐན། མདོ་རྩ། མེ་ཏོག་ཕྲེང་རྒྱུད། སུམ་བརྒྱ་པ། སོ་ཐར། སྡེ་བདུན་མདོ་དང་བཅས་པ། རིགས་གཏེར་རྣམས་ཀྱི་གཞུང་བཞེས་ཏེ་བཤད་པ་ཟླ་བ་མང་པོ་སྤེལ་ཏེ་མཛད། ཡབ་ཀྱི་
དྲུང་དུ་འཁོར་ཆེན་དང་དུས་འཁོར་གྱི་དབང་གསན། ཉེར་གཉིས་པ་ལ་ཚོགས་ཆེན་པའི་མཁན་པོ་དོན་གྲུབ་དཔལ་བ་ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ། ཆེན་པོ་དཔལ་འབྱོར་བ་རྣམས་ལ་མཁན་སློབ་ཞུས་ཏེ་