R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 241b
[A:241b]བསྙེན་པར་རྫོགས། རོང་ཆེན་པ། བཀྲས་རྣམ་པ། རྡོག་བྱང་ཆུབ་དཔལ། དམར་སྟོན་རྒྱལ་མཚན་འོད་ཟེར། མཁན་ཆེན་བསོད་ནམས་མཆོག་གྲུབ། མཁན་ཆེན་ཀུན་རྒྱལ་བ། མཚུར་ཕུ་བ་དོན་གྲུབ་འོད་ཟེར། བྲག་ནག་
པ་རིན་ཆེན་རྒྱལ་མཚན་སོགས་ལ་ཐེག་པ་ཆེ་ཆུང་གི་གཞུང་གདམས་ངག་དང་གསང་སྔགས་ཕྱི་ནང་གི་དབང་རྒྱུད་བཤད་མན་ངག་དང་བཅས་པ་ཕལ་ཆེ་མོ་གསན། ཁྱད་པར་སློབ་དཔོན་ཡེ་ཤེས་རྒྱ་མཚོ་ལ་དུས་འཁོར་
གྱི་དབང་དང་ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ་ལ་དུས་འཁོར། སྒྲོན་གསལ། ཀྱཻ་རྡོར་ལ་སོགས་པའི་རྒྱུད་སྡེའི་བཤད་པ་དང་། སྔ་འགྱུར་གྱི་དབང་རྗེས་གནང་མང་པོ་གསན། སྒྲའི་ས་རིས་དང་སྐད་དོད་སྦྱངས་
པས་ལོ་ཙཱ་མཁས་པར་མཁྱེན། རིག་པའི་གནས་མཐའ་དག་ལ་ཆེས་བྱང་བས་ཡོངས་སུ་རྫོགས་པའི་མཁས་པ་ཆེན་པོར་གྱུར། ལྷག་པར་པཎ་ཆེན་ནགས་ཀྱི་རིན་ཆེན་པ་ལ་སྡོམ་པ་བཅུ་གསུམ་མ་དང་། དུས་
འཁོར་གྱི་དབང་དང་སྦྱོར་དྲུག་གི་ཁྲིད་ཨཱརྱ་དེ་བའི་སྙིང་པོ་བརྒྱ་བ་གསན་ཅིང་དུས་འཁོར་རྒྱུད་འགྲེལ་གྱི་བཀའ་གནས་རྣམས་ལ་དྲི་གཏུག་གི་སྒོ་ནས་ངེས་པ་ཐུགས་སུ་ཆུབ། ཕྱིས་རྗེ་བྱམས་པ་གླིང་པ་ཆེན་པོ་