R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 242a
[A:242a]དང་། སྤྲུལ་པའི་སྐུ་ཞྭ་དམར་ཅོད་པཎ་འཛིན་པ་ལས་གསན་པ་རྒྱ་ཆེར་མཛད། རྩེས་ཐང་དང་བསམ་ཡས་ལ་སོགས་པར་བཀའ་བསྟན་འགྱུར་རོ་འཚལ་གཟིགས། རྗེ་འགོས་ལོ་ཙཱ་བའི་
སྤྱན་གྱི་ཐད་ན་དུ་བ་གཅིག་བྱུང་བ་ལས་སྟོང་གཟུགས་རབ་འབྱམས་གཟིགས། མཁར་ཆུར་ནམ་མཁའ་ལྡིང་གི་མཚན་མ་བརྙེས། གྲོ་བོ་ལུང་དུ་རྗེ་མར་པ་དང་མཇལ། དིང་རིར་དམ་པའི་སྐུ་གདུང་དཀར་རུ་ལས་ངོ་མཚར་གྱི་བཀོད་
པ་གཟིགས། དེ་ནས་བལ་པོར་ཐེགས་ཏེ་པཎ་ཆེན་རིན་པོ་ཆེ་ལས་སྡོམ་པའི་དཀྱིལ་འཁོར་དུ་དབང་གི་ཡེ་ཤེས་ལྷན་ཅིག་སྐྱེས་པ་མངོན་དུ་གྱུར། རྣལ་འབྱོར་ཡན་ལག་དྲུག་པའི་གསང་མཛོད་བུམ་པ་གང་བྱོར་ཐོབ། ཤིང་ཀུན་ཏུ་ཤཱནྟ་པུ་རིར་ཤ་ཝ་
རས་བྱིན་གྱིས་བརླབས། སླར་བོད་དུ་ཕེབས་ནས་ཙ་རིར་བྱོན་པའི་ཚེ་ཞིང་སྐྱོང་དངོས་སུ་འོངས་ཏེ་འཕྲིན་ལས་བསྒྲུབས། གནས་དེ་ཕྱི་ནང་གཞན་གསུམ་གྱི་ངེས་པ་དང་མཐུན་པར་གཟིགས། བཀའ་བསྐོས་གནང་ནས་
ནང་སོ་ཡར་རྒྱབ་པས་སྦྱིན་བདག་མཛད་དེ། རྗེ་བྱམས་པ་གླིང་པའི་ཐུགས་དམ་མཆོད་རྟེན་བཀྲ་ཤིས་སྒོ་མང་རྒྱན་བཀོད་པ་ངོ་མཚར་ཅན་བྱམས་ཆེན་གྱི་སྐུ་དང་བཅས་པ་བཞེངས། སྙིང་པོ་བརྒྱ་པ་རྩ་འགྲེལ་