[A:242b]རྡོ་རྗེ་རྣམ་སྒེག་སོགས་གཞུང་ཆུང་མང་པོ། གུར་བརྟག སྡོམ་འབྱུང་། སྡོམ་པའི་འགྲེལ་པ་རྟག་པའི་རྡོ་རྗེས་མཛད་པ། བཅུ་གསུམ་མའི་དཀྱིལ་འཁོར་ཆོ་ག་སོགས་བཞི་འགྱུར་དང་འགྱུར་བཅོས་མང་པོ་མཛད་པས་ལོ་ཙཱ་བ་ཆེན་པོར་
གྲགས། བསྟན་བཅོས་རྩོམ་པ་མང་དུ་གནང་བ་ལས། ཁྱད་པར་དུས་ཀྱི་འཁོར་ལོའི་ལེའུ་དང་པོ་གཉིས་ཀྱི་འགྲེལ་བཤད། སེམས་འགྲེལ་གཉིས་ཀྱི་དཀའ་འགྲེལ། སྦྱོར་དྲུག་གི་ཁྲིད་ཡིག་མཛད། སྤྲུལ་པའི་སྐུ་ཞྭ་དམར་ཅོད་
པན་འཛིན་པ་ལ་རྡོག་དཀྱིལ་བདུན་གྱི་དབང་གནང་བའི་དཀྱིལ་འཁོར་དེ་དག་གི་རྟེན་བརྟེན་པ་མ་ལུས་འཇའ་འོད་ཀྱིས་བསྐོར་བ་གཟིགས། དབེན་པ་ལ་དགྱེས་པས་གཙོ་བོར་ཐུགས་དམ་ཟབ་མོ་ལ་རྩེ་གཅིག་ཏུ་བཞུགས་ཏེ་སློབ་
མ་སྡེ་སྣོད་འཛིན་པ་མང་པོ་ལ་ཟབ་་ཅིང་རྒྱ་ཆེ་བའི་ཆོས་ཀྱི་ཆར་ཆེན་པོས་ཚིམ་པར་མཛད་ཅིང་། ཁྱད་པར་དཔལ་དུས་ཀྱི་འཁོར་ལོར་ནི་གསུང་རབ་མཐའ་དག་གི་སྙིང་པོ་ཟུང་འཇུག་གི་བསྟན་པ་མ་སྦས་པར་
གསལ་བར་སྟོན་པ་འདི་ཁོང་དུ་ཆུད་ན་མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་ཁོང་དུ་ཆུད་པར་ནུས་ཤིང་། གཞན་ཐམས་ཅད་འདི་རྟོགས་པའི་ཐབས་སུ་གྱུར་པ་སྟེ། བསྟན་པའི་སྙིང་པོ་ལས་ཀྱང་ཆེས་སྙིང་པོར་གྱུར་པ་ཡིན་