[A:243a]གསུངས་ཤིང་། གླེགས་བམ་འབྲལ་སྤང་མཛད་པ་དང་། མདོ་སྔགས་ཀྱི་གསུང་ཆོས་ཅི་གནང་ཡང་དུས་ཀྱི་འཁོར་ལོའི་ངེས་པས་གསལ་བར་མཛད་དེ་གསུངས། ཐམས་ཅད་ཀྱི་དོན་གྱི་སྙིང་པོ་མཐར་
ཐུག་པ་ནི་ཟུང་འཇུག་གི་ཐེག་པ་འདིར་བགྲོད་པ་གཅིག་པོའོ་ཞེས་འཇིགས་པ་མེད་པའི་སེངྒེའི་སྒྲ་ཡང་གསལ་བར་བསྒྲགས། སྡེ་སྣོད་མང་དུ་ཐོས་ཤིང་མཁས་པར་སྦྱངས་པ་ལས་ཐེག་པ་འདིར་ཡིད་རྟོན་པས་དུས་
ཀྱི་འཁོར་ལོའི་གླེགས་བམ་ལ་མགོ་བོ་གཏུགས་ཏེ་དུས་བྱས་ན་སངས་རྒྱ་བ་ལ་ཉེ་ཞེས་གསུངས། དེ་ལྟར་དུས་ཀྱི་འཁོར་ལོ་ལ་གཅེས་སྤྲས་སུ་མཛད་དེ། རྒྱུད་གསུམ་གསང་བ་ལན་མང་པོ་དང་རྒྱུད་འགྲེལ་
ཀྱང་རྒྱ་ཆེར་བསྩལ་ལ་གཙོ་བོར་སྦྱོར་བ་ཡན་ལག་དྲུག་གིས་སྐལ་བ་དང་ལྡན་པའི་ཚོགས་བགྲང་བ་ལས་འདས་པ་ཁྲིད་པར་མཛད་ཅིང་། དོལ་བསམ་གཏན་གླིང་དུ་ཆོས་འདིའི་སྒྲུབ་གྲྭ་བཙུགས་
ནས་ང་དགུ་པ་ཆུ་ཕོ་སྟག་ལོ་ཟླ་བ་དགུ་པའི་ཚེས་བདུན་ལ་དགའ་ལྡན་དུ་གཤེགས་ཏེ་གདུང་ལས་སྐུ་དང་རིང་བསྲེལ་མང་དུ་བྱོན་ཏོ༎ སླད་དུ་ལྷོ་རྒྱུད་ཀྱི་ས་སྐྱོང་བ་དཔལ་བཀྲ་ཤིས་དར་རྒྱས་ལེགས་པའི་