R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 243b
[A:243b]རྒྱལ་པོས་སྦྱིན་བདག་མཛད་དོ༎ ཞལ་སློབ་དམ་པ་དཔལ་ཆོས་ཀྱི་གྲགས་པས་ཀྱང་ཟབ་མོ་ཡང་དག་རིགས་སྒྲུབ་པའི་སྡེ་བཙུགས། དམ་པ་དེ་ཉིད་ལ་ཆོས་ཀྱི་རྗེ་སྐལ་བཟང་ཆོས་ཀྱི་རྒྱ་མཚོའི་སྡེས་རྡོ་རྗེའི་
རྣལ་འབྱོར་ལེགས་པར་གསན་ཏོ༎ ཆོས་ཀྱི་རྗེ་སྤྲུལ་བའི་སྐུ་ཞྭ་དམར་ཅོད་པན་འཛིན་པ་བཞི་བས་ལོ་ཆེན་ཉིད་ལ་ལེགས་པར་གསན་པའི་རྡོ་རྗེའི་རྣལ་འབྱོར་གྱི་གདམས་པ་རྣམས་ཐུགས་རྗེ་ཆེན་པོས་བདག་ལ་བསྩལ་ཏོ༎ ཡང་
པཎ་ཆེན། ཆོས་རྗེ་བློ་གྲོས་དབང་ཕྱུག ཆོས་ཀྱི་རྗེ་དུས་འཁོར་ཞབས་པ་ལས་ཀྱང་ལུགས་འདིའི་གདམས་པ་བདག་གིས་ལེགས་པར་ཐོབ་པོ༎ འདིར་ཆོས་འདི་ལ་བརྟེན་ནས་མཁས་གྲུབ་ཏུ་གྱུར་པའི་སྐྱེས་བུ་དམ་པ་ཆེ་
ལོང་ཙམ་གྱི་རྟོགས་པ་བརྗོད་པ་ཡིན་ལ། གཞན་དུ་ནི་བགྲང་བར་མི་དཔྱོད་པ་ཉིད་དོ༎ དེ་ལྟར་བླ་མ་འདི་དག་ནི། བླ་མ་གཞན་ལས་ཕུལ་དུ་བྱུང་བས་མཆོག་གི་བླ་མའམ་དཔལ་ལྡན་བླ་མ་
ཞེས་བྱ་སྟེ། རྒྱུད་ལས། དབང་བསྐུར་དྲི་མེད་རི་བོང་ཅན་མཚུངས་མེད་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། དེ་ལས་མྱ་ངན་ལས་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་