R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 26b
[A:26b]ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་སླད་དུ་དེ་ལྟ་བུའི་གསོལ་བ་གདབ་པར་བགྱིའོི་ཞེས་སྨྲས་ཏེ། དྲང་སྲོང་དེ་རྣམས་ཀྱིས་ཚངས་པའི་རིགས་ཀྱི་སྟོན་པ་ཉི་མའི་ཤིང་རྟ་ལ་བོས་ཏེ་
ཀྱེ་ཉི་མའི་ཤིང་རྟ་ཁྱོད་ནི་རིག་བྱེད་ལ་སོགས་པའི་བསྟན་བཅོས་ཀྱི་གླེགས་བམ་གཅིག་པུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཞལ་བྱ་འཛིན་པའི་ཐུགས་ཅན་ཡིན་པས་བདག་ཅག་གི་
གསོལ་བ་འདེབས་པའི་ཚིག་གིས་མིའི་དབང་པོ་གྲགས་པ་ལ་གསོལ་བ་གདབ་པར་མཛོད་ཅིག བདག་ཅག་གིས་ཀྱང་གསོལ་བ་གདབ་པར་བགྱིའོ་ཞེས་སྨྲས་སོ༎ དེ་ནས་ཉི་མའི་ཤིང་རྟས་ཚངས་པའི་
དྲང་སྲོང་རྣམས་དང་ཐབས་གཅིག་ཏུ་མིའི་དབང་པོ་གྲགས་པའི་ཞབས་ཀྱི་དྲུང་དུ་ཕྱག་བྱས་ཏེ། རིན་པོ་ཆེ་དང་གསེར་གྱི་མེ་ཏོག་རྣམས་ཀྱིས་མཎྜལ་ཕུལ་ནས་རིན་པོ་ཆེའི་མེ་ཏོག་གིས་སྙིམ་པ་གང་བ་
གཏོར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་བ་དཔྲལ་བར་བཀོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་སྐུ་མིའི་དབང་པོ་བཅོམ་ལྡན་འདས་གང་དུ་
མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཐོབ་པར་ལུང་སྟོན་ཅིང་། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཆོག་ཏུ་མི་འགྱུར་བའི་བདེ་བས་ཡང་དག་པར་བསྡུས་པའི་