[A:26a]གྱི་ཁང་བ་དེ་ཉིད་དང་། མ་ལ་ཡའི་སྐྱེད་མོས་ཚལ་མཐོང་བ་དང་། ཡ་མཚན་ཐོབ་ནས་ཨེ་མའོ་འདི་ནི་ངོ་མཚར་ཆེ་སྟེ། བདག་ཅག་རབ་ཏུ་མ་སད་པར་ནགས་ཚལ་ཆེན་པོ་ནས་དཀྱིལ་འཁོར་
གྱི་ཁང་པ་ཆེན་པོ་འདིར་སུ་ཞིག་གིས་ཁྱེར་ཏེ་འོངས་ཞེས་ཚིག་སྨྲས་སོ༎ ཚིག་དེ་རྒྱལ་པོ་གྲགས་པའི་བློན་པོ་བྱང་ཆུབ་སེམས་དཔའ་དོན་འདོད་བློའི་སྤྲུལ་པའི་སྐུ་རྒྱ་མཚོའི་བློ་གྲོས་ཀྱིས་ཐོས་ནས་སྨྲས་
པ། ཀྱེ་ཉི་མའི་ཤིང་རྟ་ལ་སོགས་པ་དྲང་སྲོང་རྣམས་འདི་ལ་ཡ་མཚན་པར་མ་བྱེད་ཅིག མིའི་བདག་པོ་གྲགས་པ་འདི་ནི་ཕྱོགས་རེ་བ་མ་ཡིན་གྱི། ཁྱེད་རྣམས་རྗེས་སུ་བཟུང་བའི་དོན་དུ་སངས་རྒྱས་
ཀྱི་བྱིན་བརླབས་ཀྱིས་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་ཡིན་ནོ༎ དེའི་ཕྱིར་འདིའི་ཞབས་ཀྱི་པདྨོ་ལ་སྐྱབས་སུ་སོང་ལ། རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་སུ་འཇིག་རྟེན་དང་འཇིག་རྟེན་ལས་
འདས་པའི་དངོས་གྲུབ་སྒྲུབ་པའི་ལམ་དབང་བསྐུར་བར་གསོལ་བ་ཐོབ་ཅིག ཅེས་སྨྲས་པ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་དྲང་སྲོང་རྣམས་ཀྱིས་སྨྲས་པ། ལེགས་སོ་ལེགས་སོ༎
བློན་པོ་ཆེན་པོ་རྒྱ་མཚོའི་བློ་གྲོས་ཁྱོད་ཀྱི་ཚིག་གིས་བདག་ཅག་གི་སེམས་རབ་ཏུ་སད་པར་གྱུར་པས། ད་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ། སེམས་ཅན་མཐའ་དག་གི་དོན་དུ་སྐྱེ་བ་འདི་ཉིད་