[A:29b]རྫོགས། རྣམ་རྒྱལ་རྒྱལ་སར་བསྐོས་པ་དང་། འཕགས་པ་ཐོགས་མེད་བྱོན་པ་དུས་མཉམ། རིགས་ལྡན་ཁྱབ་འཇུག་སྦས་པས་ཁ་ཆེའི་ཡུལ་དུ་བྱོན་ནས་རྫུ་འཕྲུལ་སྣ་ཚོགས་པ་བསྟན་ཏེ་རྡོ་རིང་
བཙུགས་ཤིང་སློབ་མ་འགའ་ལ་ཕག་མོའི་སྒྲུབ་ཐབས་ཀྱང་གནང་། རིགས་ལྡན་འདི་རྒྱལ་སར་བསྐོས་ནས་ལོ་ལྔ་བཅུ་རྩ་གཅིག་ན། ལྷ་མིན་དང་ཀླུའི་རིགས་ལས་སྐྱེས་པའི་ཀླ་ཀློ་སྟག་གཟིག་གི་རྒྱལ་
པོའམ་སྟོན་པ་ཨརྡོ་བྱུང་ནས། དེས་རཧྨ་ཎའི་འཇུག་པ་ལྷ་མ་ཡིན་གྱི་ཆོས་བརྩམས་པ་མི་དགེ་བའི་བསམ་པས་སྐྱེ་བོ་རྣམས་ལ་སྟོན་པར་བྱེད་དེ། ཀླ་ཀློའི་ལོ་སྟོང་བརྒྱད་བརྒྱ་འབྱུང་བའི་ཐོག་མའོ༎ དེ་
ནས་རིམ་གྱིས་ཀླ་ཀློའི་སྟོན་པ་ཨ་ནོ་གྷ་དང་། ཕག་ལྡན་དང་། བྱི་བ་དང་། དབང་པོ་དང་། གོས་དཀར་ཅན་རྣམས་བྱུང་། རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་རྒྱལ་སར་བསྐོས་པའི་ཚེ། འཕགས་པའི་
ཡུལ་གྱི་ནུབ་ཕྱོགས་ཀྱི་ཆ་ཤས་མཁའི་ཡུལ་ལམ། ཏུ་རུཤྐ་སྟེ་སོག་པོའི་ཡུལ་ཏྲི་ཌི་ཞེས་པ་གྲོང་བྱེ་བས་བརྒྱན་པར། པཱ་ག་ད་ལ་སོགས་པའི་གྲོང་ཁྱེར་དུ་ཀླ་ཀློའི་སྟོན་པའམ་རྗེ་བོ་མ་དྷུ་མ་ཏི་ཞེས་པ།
མངར་ལྡན་ནམ་སྦྲང་རྩིའི་བློ་གྲོས་བྱུང་སྟེ། དེ་ནི་བུ་སྨད་དང་བཅས་པ་གོས་དཀར་པོ་འབའ་ཞིག་གྱོན་པ། རལ་པའི་དོ་ཀེར་ཅན། རྔ་མོ་དང་། རྟ་དང་། བ་ལང་བསད་ནས་ཁྲག་དང་བཅས་པའི་ཤ་ཅུང་ཟད་