[A:30a]བཙོས་བཟས་གཞན་དང་མ་འདྲེས་པ་དང་། བ་ལང་གི་ཤ་དང་སྒོ་ང་ཆུ་དང་མར་དང་ཚ་བ་གསུམ་མཉམ་དུ་བཙོས་པ་དང་། འབྲས་དང་ལོ་མ་བསྲེས་ནས་བཙོས་པ་ཤིང་
ཐོག་དང་བཅས་པའི་ཟས་དང་། བྱ་གག་ལ་སོགས་པའི་སྒོ་ངའི་ཁུ་བ་ལས་བྱས་པའི་བཏུང་བ་ལ་ཉིན་ཕྱེད་ནས་མཚན་ཕྱེད་ཀྱི་བར་ལ་ལོངས་སྤྱོད་ཅིང་། ཀླ་ཀློའི་ལྷ་བི་ཥི་མིལླཱའི་སྔགས་ཀྱིས་བཏབ་པའི་
སོག་པོའི་གྲི་སྒུར་གྱིས་ཕྱུགས་ཀྱི་མགྲིན་པ་བཅད་པའི་ཤ་ཟོས་པས་མཆོག་ཐོབ་པར་འདོད་ལ། གཞན་ཡང་རཧྨ་ཎ་འཇིག་རྟེན་གྱི་བྱེད་པ་པོ་ཡིན་པས་དེ་མཉེས་ན་མཐོ་རིས་སུ་འགྲོ་ཞིང་མ་མཉེས་ན་དམྱལ་
བར་འགྲོའོ་ཞེས་ལྷ་དང་ཕ་མེས་མཆོད་པའི་དོན་དུ་ཕྱུགས་ཀྱི་སྲོག་བཅད་ནས་ཤ་ཁྲག་འགྱེད་པར་བྱེད། བདུད་ཀྱི་ལྷ་དངོས་སུ་མཐོང་ཞིང་དེས་གྲོགས་བྱས་པས་གཟི་བརྗིད་དང་དཔུང་རྒྱས་ནས། སངས་རྒྱས་
པའི་ལྷ་ཁང་དྲུག་ཅུ་རྩ་བརྒྱད་བཤིགས་པ་སོགས་བསྟན་པ་ལ་གནོད་པ་ཆེན་པོ་བྱས་ཏེ་གྲགས་པ་ཤིན་ཏུ་ཆེ་བས་འདི་ཀླ་ཀློའི་ཐོག་མའོ་ཞེས་ས་ཐམས་ཅད་དུ་གྲགས་སོ༎ དེ་ནས་མཆེད་ནས་ཀླ་ཀློའི་རྒྱལ་པོའམ་
སྟོན་པ་འཇོམས་བྱེད་ཅེས་པ་སོགས་གདུག་པ་ཅན་མང་དུ་འཕེལ་སྟེ་མུ་སྟེགས་ཅན་ཕལ་ཆེ་བ་ཡང་ཀླ་ཀློར་གྱུར་ཏོ༎ རིགས་ལྡན་རྒྱལ་དཀའ་རྒྱལ་སར་བྱོན་ནས་ལོ་བརྒྱད་ཅུ་རྩ་གཉིས་འདས་པ་ན་ཇི་ལྟར་བསྡུས་