R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 30b
[A:30b]རྒྱུད་ལས་ལུང་བསྟན་པ་བཞིན་དུ་གདུག་པའི་མུ་སྟེགས་པ་རྣམས་ཀྱིས་གྲོས་བྱས་ནས་སྐར་རྩིས་ཀྱི་གྲུབ་པའི་མཐའ་རྣམས་སྦས་ཏེ་གཞན་དག་གིས་མི་ཤེས་པར་བྱ་བའི་དོན་དུ་བྱེད་པའི་རྩིས་བརྩམས་པས་
དུས་ཀྱི་དབང་གིས་རང་ཉིད་ཀྱི་བུ་དང་ཚ་བོ་ལ་སོགས་པས་ཀྱང་གྲུབ་མཐའི་རྩིས་མི་ཤེས་ཤིང་ནུབ་ནས་འཕགས་པའི་ཡུལ་གྱི་ས་མཐའ་དག་ཏུ་ཚངས་པ་བ་དང་། ཉི་མ་བ་དང་། གཅེར་བུ་པ་དང་། སྐྲ་ཅན་
རྣམས་ཀྱི་གྲུབ་མཐའི་རྩིས་རྣམས་ཉམས་སོ༎ སད་ན་ལེགས་ཀྱི་སྐབས་སུ་ནུབ་ཕྱོགས་ན་དམག་ལ་མངའ་བ་ཏ་ཞིག་༼ཟིག་༽གི་རྒྱལ་པོ་ལ་མེར་མུ་ལེ་ཧབ་ཅེས་པ་ཡོད། དེས་བོད་ཀྱི་རྒྱལ་པོ་ལ་དམག་གསུམ་
མན་ཆད་སྦྱོར་རོ༎ ཞེས་རྒྱལ་ཆེན་བང་སོའི་རྡོ་རིངས་༼རིང་༽ལས་བྱུང་ལ། ཏཱ་ཡི་ཞེས་པ། ཏ་ཞིག དེ་ཡང་སྟག་གཅིག་ཅེས་གྲག་གོ། དེ་ནས་པཎ་ཆེན་ཤཱཀྱ་ཤྲཱིའི་དུས་སུ་མ་ག་དྷཱ་རུ་རུཥྐས་བཅོམ་
མོ༎ ༎ ཤམྦྷ་ལའི་དུས་བཞི་ཕྱི་མ་རྫོགས་ལྡན་གྱི་སྐོར། ད་ནི་མ་འོངས་པ་ན་འཕགས་ཡུལ་དང་བོད་ལ་སོགས་པའི་ཡུལ་རྣམས་ཀླ་ཀློས་གང་སྟེ། བྱེད་པའི་བློ་གྲོས་ཞེས་པའི་ཀླ་ཀློའི་རྒྱལ་པོ་འབྱུང་ལ། དེའི་རྒྱལ་ཕྲན་དགུ་བཅུ་རྩ་
དྲུག་དང་། དམག་དཔོན་ཟླ་བ་ཆེན་པོའི་བུ་དང་དམག་དཔོན་དབང་པོའི་མགོན་པོ་ཞེས་པ་སོགས་ཡན་ལག་བཞིའི་དཔུང་སྟོབས་དང་ལྡན་པ་འབྱུང་ངོ་༎ དེའི་ཚེ་རིགས་ལྡན་དྲག་པོ་སེང་གེའི་ཁྲི་ལ་དབང་བསྐུར་