R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 31a
[A:31a]ནས་ལོ་ལྔ་བཅུ་ལྷག་བཞེས་པ་དེས། ཀླ་ཀློ་རྣམས་ཐབས་ལ་མཁས་པས་གཞོམ་པའི་ཆེད་དུ་རང་ཉིད་ཉི་མ་ལྟ་བུའི་གཟི་བརྗིད་འབར་ཞིང་རབ་ཏུ་ཁྲོས་འཁྲུགས་འཇིགས་སུ་
རུང་བའི་ཚུལ་གྱིས་རྡོའི་རྟ་ལ་བཅིབས་ཤིང་རབ་ཏུ་སྲ་བའི་གོ་བགོས་ཏེ་ཕྱག་ན་མདུང་ཐུང་བསྣམས་ནས་དགྲ་མཐའ་དག་ལ་བསྣུན་པས་ཕྱེ་མར་འཐག་པའི་ཚུལ་མཛད། རྒྱལ་ཕྲན་དགུ་བཅུ་རྩ་དྲུག་དང་དམག་
དཔོན་ཧ་ནུ་མན་དང་། དམག་དཔོན་གཉིས་པ་དྲག་པོ་ཞེས་པ་སོགས་རླུང་གི་ཤུགས་ཅན་གྱི་རྡོའི་རྟ་ཁ་དོག་སྣ་ཚོགས་པ་ལ་གཞོན་པའི་རྟ་བ་བྱེ་བ་དགུ་དང་། ཆང་གིས་དྲེགས་པའི་གླང་པོ་ཆེ་འབུམ་ཕྲག་
བཞི་དང་། གསེར་གྱིས་བརྒྱན་པའི་ཤིང་རྟ་འབུམ་ཕྲག་ལྔ་དང་། དཔའ་བོ་དཔུང་བུ་ཆུང་གི་ཚོགས་མིག་གིས་མཐོང་ཚད་དྲུག་དང་། ཚངས་པ་དང་། དབང་ཕྱུག་དང་། ཁྱབ་འཇུག་དང་། གདོང་དྲུག་
དང་། ཚོགས་བདག་ལ་སོགས་པ་ལྷ་ཆེན་པོ་བཅུ་གཉིས་པོ་དཔུང་དང་བཅས་པས་ཀྱང་འཁོར་དུ་བསྐོར་བ། ཤམྦྷ་ལ་ནས་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་སུ་བྱོན་ནས་ཀླ་ཀློའི་དཔུང་རྣམས་དང་གཡུལ་སྤྲོད་པར་
མཛད་དེ། དཔའ་བོ་རྣམས་ཀྱིས་ནི་ཀླ་ཀློའི་དཔུང་བུ་ཆུང་གི་ཚོགས་དང་། གླང་པོས་གླང་པོ་དང་། རྡོའི་རྟས་རྟ་དང་། ཤིང་རྟས་ཤིང་རྟ་དང་། མི་དབང་དགུ་བཅུ་རྩ་དྲུག་པོས་དེའི་རྒྱལ་ཕྲན་དང་། དམག་