R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 31b
[A:31b]དཔོན་ཧ་ནུ་མན་གྱིས་ཟླ་བ་ཆེན་པོའི་བུ་དང་། དམག་དཔོན་དྲག་པོས་དབང་པོའི་མགོན་པོ་དང་། རིགས་ལྡན་དྲག་པོ་ཉིད་ཀྱིས་བྱེད་པའི་བློ་གྲོས་རྣམས་ལ་སོ་སོར་མཚོན་རྣོན་པོས་བསྣུན་ཏེ་དེ་དག་རྩ་བ་མེད་
པར་འཕམ་པར་བྱེད་དོ༎ འདིར་སྲོག་ལ་གནོད་པ་ནི་འགའ་ཡང་མེད་དེ་གཡུལ་གྱི་རྫུ་འཕྲུལ་འདིས་དེ་དག་གི་སེམས་ཞུམ་པར་གྱུར་ནས་སངས་རྒྱས་ཀྱི་ཆོས་ལ་འགོད་པར་མཛད་པ་ཉིད་དོ༎ དེ་ནས་རིགས་ལྡན་
དྲག་པོ་དཔུང་དང་བཅས་པ་སླར་ཤམྦྷ་ལར་ལོག་སྟེ། ས་དུམ་བུ་འདིའི་སྐྱེ་བོ་ཕལ་མོ་ཆེ་རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ལམ་ལ་འགོད་པར་མཛད་དོ༎ དེའི་ཚེ་ལྷོའི་དུམ་བུ་
དབུས་མ་འདིར་རྫོགས་ལྡན་གྱི་དུས་འཇུག་སྟེ། མི་རྣམས་ཀྱིས་ཆོས་དང་འདོད་པ་དང་ནོར་དང་ཐར་པ་སྟེ་སྡེ་བཞི་པོ་རྫོགས་པར་ཐོབ་ཅིང་ཚེ་ལོ་རིམ་གྱིས་སྟོང་བརྒྱད་བརྒྱ་པར་འཕེལ་ལོ༎ སྔར་ཆུ་ལ་སོགས་
པ་མེད་པའི་ས་ཕྱོགས་སུའང་འབྲུ་རྣམས་སྐྱེས་ཏེ་འཕེལ་ལ། ཤིང་རྣམས་ཀྱང་འབྲས་བུས་གཏམས་པ་ལ་སོགས་པས་གཞི་མཐའ་དག་ལྷའི་དཔལ་དང་ལོངས་སྤྱོད་ལྟ་བུས་གང་བར་འགྱུར་རོ༎ རིགས་
ལྡན་འདི་ལ་སྲས་ཟུང་འབྱུང་སྟེ་འཇམ་དཔལ་གྱི་སྤྲུལ་པ་ལྷའི་དབང་པོ་དང་། འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་ཚངས་པ་གཉིས་སོ༎ ལྷ་དབང་ནི་ལྷོ་གླིང་ནུབ་མར་བྱོན་ནས་དེའི་རིགས་རྒྱུད་ཀྱིས་དེ་ན་གནས་